ཨ་མ།
2021-05-09 本文已影响0人
智慧之舟

འཛུམ་མདངས་ཕྱུག་པའི་པད་མའི་ཞལ་རས། །
དྲོ་ཞིང་བསིལ་བའི་དཔྱིད་རླུང་ཕྱག་རས། །
ཨ་སྔོན་ཕ་མཐའ་བྲལ་བའི་བྱམས་བརྩེ། །
ཞུམ་མེད་སྙིང་སྟོབས་ལྡན་པའི་མཛངས་མ། །
ཨ་མ་ལགས།
རྣམ་ཤེས་མི་ཡུལ་ཁྲིད་མཁན་བླ་མ། །
ཤ་རྡོག་མི་ལ་གསོ་མཁན་ཚན་རིག །
དྲོ་འཇམ་སྟོད་གོས་གནང་བའི་བཟོ་པ། །
ཀ་ཁའི་དབྱངས་རྟ་སློབ་མཁན་དགེ་རྒན། །
ཨ་མ་ལགས།
སྨྱུག་མིང་། རིག་པའི་གྲུ་གཟིངས།