ངའི་ཕ་ཡུལ་ལ་འགྱུར་ལྡོག་བྱུང་འདུག

2019-07-09  本文已影响0人  知学者

ངའི་ཕ་ཡུལ་ལ་འགྱུར་ལྡོག་བྱུང་འདུག

                  --------རེ་འབོད།

དཔལ་འབྱོར་ངང་ནས་བཤད་ན་འཕེལ་རྒྱས་ཆེན་པོ་ཐོན་འདུག

འཚོ་བ་སྐྱིད་འདུག

དངུལ་ཁུག་མཐུག་འདུག

རླངས་འཁོར་མང་འདུག

འཕྲུལ་རྟ་མང་འདུག

མི་གྲངས་མང་འདུག

…………

ཡིན་ནའང་།

རིག་གནས་ངང་ནས་ད་ཚར་འདུག

ར་མ་ལུག་སྐད་ཁྱབ་འདུག

མི་རིགས་ཀྱི་འདུ་ཤེས་ཉམས་འདུག

ཀ་ཁ་ག་ང་བརྗེད་འདུག

གཅིག་གཉིས་གསུམ་བཞི་ལ་བཤད་ཀྱིན་འདུག

ད་ཚར་འདུག

ཚར་འདུག

གལ་ཏེ།

དཔལ་འབྱོར་འཕེལ་བ་དང་མཉམ་དུ་རིག་གནས་ཚར་དགོས་ན།

འདི་འདྲའི་འཕེལ་རྒྱས་ང་ལ་མི་དགོས།

མི་དགོས།

ཀྱེ་མ།

ད་འདི་ལྟར་སོང་ན།

ལོ་20དང་30བའི་ཡས་མས་ལ་ངའི་ཕ་ཡུལ་འདི་བོད་རང་སྐྱོང་ཁུལ་བའི་མིང་ཡོད་ནའང་།

བོད་སྐད་བཤད་ཤེས་མཁན་དང་བོད་ཡིག་སྤྱོད་མཁན་མེད་པ་འགྱུར་བ་ཡིན།

ཀྱེ་མ།

ང་རང་འཕོ་ལྟུང་གི་སྡུག་བསྔལ་མྱོང་གི་འདུག

ང་ལ་བློ་མཐུན་ཡང་ཧ་ཅང་དཀོན་འདུག

ད་ང་ཡིད་སྐྱོ་འདུག

སེམས་སྡུག་འདུག

ངའི་ཕ་ཡུལ་ལ་འགྱུར་ལྡོག་བྱུང་འདུག ངའི་ཕ་ཡུལ་ལ་འགྱུར་ལྡོག་བྱུང་འདུག
上一篇 下一篇

猜你喜欢

热点阅读