2018-09-02

2018-09-02  本文已影响0人  26d9f0e04041

           

           

        ཤེས་རབ་རྒྱལ་མཚན་བསྔགས་འོས

མཉམ་མེད་ཤེས་རབ་རྒྱལ་མཚན་མཁྱེན་ནོ།

བསྟན་གཡུང་དྲུང་བོན་གྱི་་མཛོད་བརྒྱ་ཡོངས་བསྡུས་ནས།།

བོད་གངས་རིར་ཐོས་བསམ་སྒོམ་པའི་འབད་པ་ལས།།

འབྲས་བློ་རྩལ་རྫོགས་མཐའ་མེད་པ་ཁོང་དུ་ཆུད།།           

ལས་ཐར་ལམ་རིམ་བགྲོད་མཛད་པས་མངོན་སངས་རྒྱས།།   

       

དུས་ལྔ་བདོ་སྙིགས་མའི་སྐྱེ་རྒུད་མཐར་སྐོར་ནས།།

དབུས་གངས་རི་ར་བའི་འགྲིམ་ནས་ཆོས་རྒྱལ་མཛད།།

དམན་མ་རྟོགས་བྱིས་པའི་བདེ་དོན་བདུད་གྲོལ་ཕྱིར།།

བོན་འདུལ་བའི་གཙོ་འཛིན་རྒྱལ་བ་གཉིས་པ་མཁྱེན།།

བོན་རྟོག་གེའི་རིགས་ལམ་ངང་ནས་དགག་སྒྲུབ་གནང་།།

སེམས་རྣམ་རྟོག་རྟུལ་ཞུགས་གཞོམ་པར་དཔའ་བོ་གྲགས།།

རིག་ཡེ་ཤེས་རོལ་རྩལ་མཚན་མོའི་སྐར་ཚོགས་བཀྲ།།

སྐྱབས་དཀོན་མཆོག་མཚན་རྙེད་ཤེས་རབ་རྒྱལ་མཚན་དྲན།།

                        དབྲ་བཙུན་་་་་ན་བུན་གྱིས་ཕུལ།

上一篇 下一篇

猜你喜欢

热点阅读