2017-11-25

2017-11-25  本文已影响0人  睨视
2017-11-25

འཕྲིན་འདི་ཁྱོད་ཚོར་ཡིན།        པད་མ་བཀྲ་ཤིས།

ང་ནི་ས་མཐའ་ཞིག་ན་ཉལ་ནས་ཡོད།།

ཁྱེད་ཚོའི་བདེ་སྡུག་བྱ་བྱེད་ཉན་ནས་ཡོད།།

མཐོང་མྱོང་མེད་ཀྱང་སེམས་པ་འབྲེལ་ནས་ཡོད།།

ཤ་དང་རུས་པ་དག་ཀྱང་དེ་ལྟར་རོ།།

ང་ནི་རྒྱང་རིང་ཞིག་ན་གཉིད་ནས་ཡོད།།

ཁྱེད་ཚོའི་འདྲ་པར་སོགས་ལ་བལྟས་ནས་ཡོད།།

ཐུག་མྱོང་མེད་ཀྱང་བརྩེ་བ་ཆགས་ནས་ཡོད།།

སེམས་པའི་འདུ་ཤེས་ཀུན་ཀྱང་དེ་ལྟར་རོ།།

ང་ནི་གཞན་ཡུལ་ཞིག་ལ་འཁྱམས་ནས་ཡོད།།

ཁྱེད་ཚོར་རེ་བ་བརྒྱ་སྟོང་བཅོལ་ནས་ཡོད།།

རྒྱུ་ནོར་མེད་ཀྱང་སེམས་འདི་ཕུལ་ནས་ཡོད།།

དུས་དང་རྣམ་པ་ཀུན་དུ་འདི་ལྟར་རོ།།

ང་ནི་ཐག་རིང་ཞིག་ན་གསོན་ནས་ཡོད།།

ཁྱེད་ཚོའི་མདུན་ལམ་ཕྱོགས་ལ་བསམ་ནས་ཡོད།།

ཕན་ཐོག་མེད་ཀྱང་སེམས་ཁྲལ་བྱེད་བཞིན་ཡོད།།

འཇིག་རྟེན་གཉེན་ཞེས་གྲུབ་པས་དེ་ལྟར་རོ།།

ང་ནི་རི་ཁུག་ཞིག་ན་འཚོ་བཞིན་ཡོད།།

ཁྱེད་ཚོའི་བྱ་བཞག་དག་ལ་དགའ་ནས་ཡོད།།

གོ་ཐོས་མེད་ཀྱང་རྒྱང་ནས་ཅེར་དེ་ཡོད།།

བདག་ནི་གཉེན་ཉེ་ཀུན་ལ་དེ་ལྟར་རོ།།

ང་ནི་དབེན་ཁྲོད་ཅིག་ན་གཡེང་ནས་ཡོད།།

ཕ་ཡུལ་ཕྱོགས་སུ་སེམས་པ་ཤོར་ནས་ཡོད།།

རིག་གནས་མེད་ཀྱང་འདི་ལྟར་འཚོ་བཞིན་ཡོད།།

བདག་གི་མི་ཚེ་འདི་ནི་དེ་ལྟར་རོ།།

2017-11-5-ཁྱེད་ཅག་དྲན་བཞིན་པའི་ས་མཐའ་བས།

上一篇 下一篇

猜你喜欢

热点阅读