ལོ་རྒྱུས་ཐོག་ཆེས་སྙན་གྲགས་ཆེ་བའི

2016-12-24  本文已影响0人  配吧
ལོ་རྒྱུས་ཐོག་ཆེས་སྙན་གྲགས་ཆེ་བའི་གཏམ་བཤད་ཆེན་པོ་བཅུ་ལས་༼ལིན་ཁེན་༽གྱི་གཏམ་བཤད།སེར་ཤུལ་ཕྲུག་གིས་བསྒྱུར།

ཀེ་ཏི་སི་པའོ་ནས་གནང་བའི་གཏམ་བཤད་འདི་ནི་<ལིན་ཁེན་>སྲིད་འཛིན་གྱི་གཏམ་བཤད་ཀྱི་ཁྲོད་ནས་ཆེས་སྙན་གྲགས་ཆེ་བ་གཅིག་ཡིན་པར་མ་ཟད། ཨ་མེ་རི་ཁའི་ལོ་རྒྱུས་ཐོག་རྒྱུན་དུ་དཔེ་འདྲེན་ཆེས་ཆེ་ཤོས་དེའང་ཡིན།  གཏམ་བཤད་འདི་ཉིད་ཨ་མེ་རི་ཁའི་ལྷོ་བྱང་དམག་ཁྲུག་གི་སྐབས་སུ་བྱུང་བ་ཞིག་ཡིན།

ལོ་རྒྱུས་ཐོག་ཆེས་སྙན་གྲགས་ཆེ་བའི་གཏམ་བཤད་ཆེན་པོ་བཅུ་ལས་༼ལིན་ཁེན་༽གྱི་གཏམ་བཤད།སེར་ཤུལ་ཕྲུག་གིས་བསྒྱུར།

གཏམ་བཤད་ཀྱི་དུས་ཚོད། :1863年ལོའི་ཟླ་11པའི་ཚེས་19ཉིན།

ལོ་ངོ་87སྔོན་དུ།  ང་ཚོའི་མེས་པོ་གོང་མ་དག་གིས་སྐམ་ས་ཆེན་མོ་འདི་ནས་རྒྱལ་ཁབ་གསར་བ་ཞིག་དབུ་འཛུགས་བྱས་ཤིང་། མེས་རྒྱལ་འདི་ཉིད་རང་དབང་གིས་དཀྱིལ་ནས་གསོ་སྐྱོང་གནང་།  མི་ཚང་མར་སྐྱེ་བ་ནས་འདྲ་མཉམ་གྱིས་དམ་ཚིག་ཇི་བཞིན་ལག་བསྟར་གནང་ཡོད།

ད་ལྟ་ང་ཚོས་རླབས་ཆེན་གྱི་ནང་འཁྲུག་ཅིག་བསླངས་བཞིན་ཡོད་ལ།འདི་ནི་རྒྱལ་ཁབ་འདི་ཉིད་དང་ཡང་ན་འདི་དང་འདྲ་བར་རང་དབང་གིས་འཚོ་སྐྱོང་དང་མི་ཚང་མར་འདྲ་མཉམ་གྱིས་དམ་ཚིག་ལག་བསྟར་བྱེད་པའི་རྒྱལ་ཁབ་འདི་དག། ཡུན་རིང་བོར་རྒྱུན་འཁྱོང་བྱེད་ནུས་མི་ནུས་ལ་ཉམས་ཚོད་བྱེད་པ་ཞིག་རེད།

ལོ་རྒྱུས་ཐོག་ཆེས་སྙན་གྲགས་ཆེ་བའི་གཏམ་བཤད་ཆེན་པོ་བཅུ་ལས་༼ལིན་ཁེན་༽གྱི་གཏམ་བཤད།སེར་ཤུལ་ཕྲུག་གིས་བསྒྱུར།

ང་ཚོ་ནི་རླབས་ཆེ་བའི་འཐབ་འཁྲུག་གི་གཡུལ་ས་ཆེན་པོ་འདི་ནས་ལྷན་འཛོམས་བྱུང་ཞིང་། ང་ཚོ་འདིར་ཡོང་ནས།  གཡུལ་ས་འདིའི་ཆ་ཤས་ཤིག མེས་རྒྱལ་གྱི་ཆེད་དུ་གསོན་ཞིང་མེས་རྒྱལ་གྱི་ཆེད་དུ་རང་སྲོག་བཏང་བའི་མི་རབས་གོང་མ་དག་ལ་ལེགས་སྐྱེས་སུ་འབུལ་དགོས་ཤིང་།  ཁོང་ཚོ་ཆེས་མཐའ་མཇུག་གི་བདེ་བར་གཟིམས་ས་ཡང་བྱེད་དགོས།ང་ཚོས་འདི་ལྟར་སྒྲུབ་པ་ནི།  ཤིན་ཏུ་འོས་ཤིང་འགྲིག་པ་ཞིག་ཀྱང་ལོས་ཡིན་མོད།  དེ་ལས་ཀྱང་གལ་ཆེ་བའི་དོན་སྙིང་གི་ཐོག་ནས་གླེང་ན།  ང་ཚོས་དེ་འཕགས་པར་བསྒྱུར་མི་ཆོག་ལ། ལྷར་རུ་རྩིའང་མི་ཆོག འབུལ་ཡང་མི་ཆོག   རྒྱུ་མཚན་ནི།  ས་ཆ་འདི་ནི།  དགྲ་དང་འཐབ་མྱོང་བའི་སྔོན་བྱོན་དཔའ་བོ་དག་སྟེ། གཤེགས་ཟིན་པ་དག་དང་ཡང་ན་ད་ལྟ་གསོན་བཞིན་པའི་མི་དམངས་ཚོས་འཕགས་པར་བསྒྱུར་ཚར་བ་ཡིན་ནོ།།

ལོ་རྒྱུས་ཐོག་ཆེས་སྙན་གྲགས་ཆེ་བའི་གཏམ་བཤད་ཆེན་པོ་བཅུ་ལས་༼ལིན་ཁེན་༽གྱི་གཏམ་བཤད།སེར་ཤུལ་ཕྲུག་གིས་བསྒྱུར།

མེས་པོ་དག་གིས་བསྒྲུབས་ཟིན་པ་མཐའ་དག   ང་ཚོས་ནུས་ཤུགས་ཕྲ་མོ་ཞིག་་གིས་བསྟོད་ཐུབ་པ་ཞིག་གཏན་ནས་མ་རེད་ལ།  དེ་རིང་འདིར་བཤད་པའི་སྐད་ཆ་མཐའ་དག་ཀྱང་འཛམ་གླིང་འདིའི་ཐོག་ནས་དོན་ཆེན་ཞིག་དུ་རྩིས་ནས་དྲན་པར་མི་བྱེད་མོད། འོན་ཀྱང་། དཔའ་བོ་ཚོས་འདི་ལྟར་བསྒྲུབས་ཟིན་པའི་བྱ་བ་དག་ནི།  རྒྱལ་ཁབ་འདིས་དུས་ནམ་ཡང་བརྗེད་མི་སྲིད།

ང་ཚོ་གསོན་ཡོད་པ་དག་གིས་ནུས་ཤུགས་གང་ཡོད་ཀྱིས་ང་ཚོའི་མདུན་ན་ཡོད་པའི་རླབས་ཆེན་གྱི་ལས་འགན་སྒྲུབ་དགོས་ལ།

གཟི་བརྗིད་ལྡན་པའི་འདས་པོ་དག་གིས་ཚེ་སྲོག་བློས་བཏང་གི་སྙིང་སྟོབས་བསྡུ་ལེན་བྱས་ཏེ།  ཁོ་ཚོའི་བསམ་པ་རྣམ་དག་གིས་བསྒྲུབས་པའི་བྱ་བཞག་དག   ང་ཚོས་ངེས་པར་ལེགས་འགྲུབ་བྱུང་དགོས་པ་དེ་ཡིན།

ང་ཚོས་འདི་ནས་སེམས་ཐག་གཙང་བཅད་བྱས་ནས།   འདས་པོ་ཚོའི་ལུས་སྲོག་བློས་བཏང་བྱས་པ་དེ་ཉིད་དོན་མེད་རེ་སྟོང་དུ་མི་འཇུག་པ་བྱེད་དགོས། ང་ཚོའི་རྒྱལ་ཁབ་འདི་ནི་དཀོན་མཆོག་གི་ཐུགས་རྗེའི་འོག་ནས།  རང་དབང་གི་མྱུ་གུ་གསར་བ་འབུས་ཏེ།

སྤྱི་དབང་དང་འཛིན་སྐྱོང་འོག་ཀུན་ཀྱིས་ལོངས་སྤྱོད་ཐུབ་པའི་སྲིད་གཞུང་འདི་ཉིད། འཇིན་རྟེན་འདིར་ཡུན་རིང་དུ་གནས་ཐུབ་པར་བྱེད་དགོས།

 

上一篇下一篇

猜你喜欢

热点阅读