རྨི་ལམ།

2017-12-09  本文已影响0人  Jason尖参

——————————ཨ་ག་མ།

རྨི་ལམ་དུ་

ངས་རང་ཉིད་ཅི་ཡང་མེད་པའི་སྤྲང་ཕྲུག་ཅིག་ཏུ་རྨིས་བྱུང་ལ།

རྨི་ལམ་དུ་ཡང་

ངས་རང་ཉིད་ཇི་སྙེད་འཛོམས་པའི་རྒྱལ་སྲས་ཤིག་ཏུ་རྨིས་སོང་།

དེ་དུས་ང་དངངས་བཞིན་ཡོད་ལ་དགོད་རྒྱུ་ཡང་འཛུམ་བྱུང་།

དོན་ངོ་མར་

ང་རྨི་ལམ་གྲོང་དུ་འགྲིམ་གྱིན་འདུག་གམ་མངོན་སུམ་ཡུལ་ན་འཁོར་གྱིན་གདའ་།

ངས་ད་དུང་ཧ་གོ་མ་སོང་།

རྨི་ལམ་དང་མངོན་སུམ་བར་ནས་རང་ཉིད་ཀྱི་ལས་དབང་ལ་འཁང་ར་བྱེད་ཞོར།

མཐོ་དམན་དང་རིགས་རྒྱུད་བཀར་ནས་ཕ་རོལ་པར་ཅོ་འདྲི་དང་བརྙས་སྨོད་བྱས་ནས།

ང་ཅིག་ཅིག་དང་ང་ཉིག་ཉིག་ཞེས་འུད་བརྗོད་བྱེད་དུས།

ངས་ད་དུང་ཧ་གོ་བ་མ་སོང་།

རྨི་ལམ་ཡིན་ན་ངའི་མངོན་སུམ་དང་འགལ་འདུག

མངོན་སུམ་ཡིན་ན་ངའི་མི་གཞི་དང་འགལ་འདུག

གང་ཡིན་བྱ་བའི་འདྲི་རྟགས་འདི་ལ་མནོ་བསམ་གཏོང་དུས།

ཐག་སྒྲ་ཞིག་དང་བཅས་ང་གཉིད་ལས་བསླངས་སོང་།

མ་གཞིར་

དེ་ནི་མལ་གྲོགས་ཤིག་གི་དངོས་རྫས་མལ་ཁྲི་ལས་སར་ལྷུང་བའི་སྒྲ་ཞིག་རེད།

མ་གཞིར་

ང་ནི་མངོན་སུམ་མ་ཡིན་པའི་རྨི་ལམ་ལ་འཁྲུལ་ནས་འཇིགས་སྣང་གིས་ཁེངས་འདུག

སྔས་འོག་ནས་ཐ་མག་རྐང་གཅིག་བླངས་ནས་མེ་བསྒྲོན་བཞིན་

སླར་ཡང་ངའི་དྲན་པའི་ཁྲོད་དུ་མག་མོག་ཏུ་འགྱུར་བའི་རྨི་ལམ་དེར་བསམ་གཞིག་གཏོང་བཞིན་བསྡད།

༿ཐ་མག་ཟེར་བ་ཀུ་རེ་ཡིན།དུ་བ་མི་འཐེན།༾

                            ༡༧—༡༢—༩ཉིན

上一篇 下一篇

猜你喜欢

热点阅读