现代老师
སྤྱིར་ཚོགས་ཐོག་གི་དགེ་རྒན།
ཉག==ན་བུན===像雄佛子
འོ་ལགས་སོ། ད་ངས་འདི་ནས་དུས་རབས་འདིའི་སྤྱིར་ཚོགས་ཐོག་ཏུ་དགེ་རྒན་བྱེད་སྟངས་ཉུང་ངུ་ཙམ་གླེང་བར་འདོད་བྱུང་།
ཐོག་མ་འགྲོ་བ་མིའི་གཞི་མའདིར་ལོ་ན་གཞོན་རྒན་གསུམ་ལ།
དབང་རྣོན་རྡུལ་འབྲིང་སོགས་ཡོད་ཅིང། དེ་ཡོད་དུས་རིན་པོ་ཆེའི་གཞི་གང་ཡང་རུང་བ་ཞིག་ལ་སྤྱོད་ན་གསེར་དངུལ་གཡུའི་རབས་འབྲིང་ཐ་གསུམ་ཡོད་པར་གང་ཟང་རྒྱུ་ནོར་ཆེན་པོའི་གསེར་དང་འབྲིང་གི་དངུལ་དང་ཐ་མའི་གཡུར་ལོངས་སུ་སྤྱོད་ཐུབ་པ་ནང་ལྟར་དུ།
སེམས་ཅན་དབང་རྣོན་རྡུལ་འབྲིང་ལ་ཡང་རྒྱུད་ཐོག་ཏུ་ཡོན་ཏན་ཞིག་འབྱུང་དགོས་ན་དེར་ཡང་དེ་ཚོད་ཀྱི་རིག་གནས་རབ་འབྲིང་ཐ་གསུམ་སློབ་བུ་དེ་ཡི་ཤེས་རབ་རབ་འབྲིང་ཐ་གསུམ་ལ་ལྟོས་ནས་བསྟན་དགོས་སྙམ། དེ་བསྟན་པ་པོ་ནི་སྤྱོ་ཚོགས་ཁྲོད་ཀྱི་དགེ་རྒན་འབོད་ན་མི་ཆོག་རྒྱུ་མེད་པ་སེམས། ཆོས་ལུགས་དབང་དུ་བྱས་ན་དེའི་ཐོག་ཏུ་གཞན་ཕན་གྱི་སེམས་རིན་པོ་ཆེ་དང་སློབ་བས་གང་བསླབ་བཞིན་དུ་བསྟན་ཤེས་པའི་སྐྱེས་བུ་ཞིག་ལ་ཟེར་དགོས། རྒྱུ་མཚན་ནི་རྗེ་མཉམ་མེད་བླ་མའི་ཞལ་ནས་སྦྱོང་བའི་ཤེས་རབ་ཆེ་བ།ཀུན་སློང་གི་བསམ་པ་རྣམ་དག གཞན་རྒྱུད་འདུལ་བའི་ཐབས་ལ་མཁས་པ་སྐབས་དེ་བསྟན་གྱི་སློབ་དཔོན་གྱི་མཚན་ཉིད་ཡིན་མོད། སྐབས་དེ་བསྟན་ཟེར་དགོས་པའི་རྒྱུ་མཚན་ནི་སྐབས་དེར་ཆོས་ལུགས་དབང་དུ་བྱས་ནས་སློབ་དཔོན་གྱི་མཚན་ཉིད་འཇོག་ཡོད། དེས་ན་དུས་རབས་ཀྱི་དགེ་རྒན་སུ་དང་སུ་ཞིག་ཡིན་ན་ཐོག་མར་སློབ་མའི་རྒྱུད་ཚད་དང་དགའ་ཕྱོགས་སོགས་ཚང་མ་ངེས་དགོས་རྒྱུ་གལ་ཆེན་ཡིན།
现代老师