དགེ་རྒན་ལགས་རྟེན་འབྲེལ་ཞུ།

2017-11-24  本文已影响0人  单翼鸟

དགེ་རྒན་ལགས

གལ་ཏེ་ཁྱོད་ནི་དཀར་གསལ་གྱི་ཟླ་བ་དེ་ཡིན་ཚེ

ང་ཚོ་ནི་ལམ་ལམ་དུ་འཚེར་བའི་སྐར་ཚོགས་དེ་ཡིན་ལ

ཁྱེད་ཀྱི་མཐར་འཁོར་དུ་རང་ཤུགས་སུ་འདུ་འཛོམས་བྱེད་ངེས

དགེ་རྒན་ལགས

གལ་ཏེ་ཁྱེད་ནི་ས་གཞི་གཤིན་པོ་དེ་ཡིན་ཚེ

ང་ཚོ་ནི་མཛེས་སྡུག་གི་མེ་ཏོག་དེ་ཡིན་ལ

ཁྱེད་ཀྱི་སྐུ་ལུས་ལ་མཛེས་རྒྱན་དང་བཀྲག་མདངས་སྤྲས་ཆོག


དགེ་རྒན་ལགས

གལ་ཏེ་ཁྱེད་ནི་སྤང་ཐང་གི་མེ་ཏོག་དེ་ཡིན་ཚེ

ང་ཚོ་ནི་ཡིད་འོང་གི་ཕྱེ་ལེབ་སྒེག་མོ་ཡིན་ལ

ཁྱེད་ལ་སྙན་འཇེབས་ཀྱི་གླུ་དབྱངས་དང་ལྡེམ་མྱུར་གྱི་བྲོ་གར་ཕུལ་ངེས

དགེ་རྒན་ལགས

ཁྱེད་ཀྱིས་ང་ཡི་མདུན་ལམ་ལ་འོད་སྣང་སྦྱིན་ཞིང

ཕུགས་བསམ་ལ་དྲོད་ཁོལ་གནང

དགེ་རྒན་ལགས      ཐུགས་རྗེ་ཆེ

        བོད་ཀྱི་གཞས་ཚིག་དང་དབྱངས་རྩོམ་པ་པོ་དགེ་རྒན་སེ་བོ•བསོད་ནམས་གྲགས་པ་མཆོག་ཡུལ་ཤུལ་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་གཙོ་འཛིན་བདམས་ཉིན་ཉིད་ཀྱི་སློབ་བུ་ཡོངས་ཀྱི་གྲལ་མཐའ་བ་སྨྱུག་མིང་དུ་མིག་གསུམ་པར་འབོད་པས་བྲིས།

上一篇下一篇

猜你喜欢

热点阅读