ལས་རླུང་སྐྱུར་མོའི་ངག

2016-06-09  本文已影响0人  没有思念就没有悲歌

ཎམོལོཀེཤྭརྱ།
རིགས་རུས་ལ་བརྩེ་བའི་དམར་ཆུང་དྲོད་ཁོལ་གྱི་གསེབ་ན།
ངའི་ཞེན་པ་དཀར་པོའི་ཏིང་འཛིན་རེ་བསྙལ་ཡོད།
འཚོ་བ་རྨི་ལམ་སྒྱུ་མའི་གྲོང་ཁྱེར་ནས།
ངས་རྒྱང་ལྟ་ལ་འཕེན་པའི་འདུན་པ་དེ་འགོག་ཐབས་ཀྱང་མེད།
ཡ་ཆུང་གི་སེམས།
རིགས་རུས་ཀྱི་མདངས་་་་་་་་་་
རྒྱང་བཞུད་འཚོ་ཐག་ལ་རེ་བའི་དེ་རིང་།
ངའི་རྣམ་ཤེས་ཀྱི་གསོན་ཐིག་ནས།
འཇིག་རྟེན་འདིའི་བྲག་བེམ་ལ་གསིམ་པའི་སྐད་ཆ་དཀྱུས་མ་ཞིག་སྟེ།
ང་ཚོ་ལ་རིག་གཞུང་ཞིག་གི་ཁ་ཕྱོགས་ཡོད་པས་རྨོངས་ཞེན་ངང་གཡམ་བརྒྱུགས་ཁོ་ན་བྱ་མི་ཉན།
ང་ཚོ་ལ་རིགས་རྒྱུད་ཅིག་གི་སྲོལ་ལུགས་ཡོད་པས་ཐམས་ཅད་གཞན་གྱི་ལད་མོ་བྱ་མི་ཉན།
ང་ཚོ་ལ་རང་སྐད་དག་མའི་སྲོག་རྩ་ཡོད་པས་གཞན་སྐད་ཀྱི་ལྷན་པ་བསྲེས་མི་རུང་།
འདི་ནི་ངའི་ཡིད་གུ་ན་ཉར་བའི་དྲན་གཏམ་གསོན་པོ་ཅིག་སྟེ།
ལོ་ལྟར་ཆར་དུས་ཀྱི་འཁྱེར་མ་ཐུབ་ལ།
དགུན་ལྟར་ཐལ་བས་འགག་མི་སྲིད།

ཡར་ཆབ་གཙང་པོའི་ཆུ་རིས་ཀྱི་ངོགས་ལ།
ཀ་སྲོག་གི་བསིལ་བུ་ལྷང་ལྷང་དུ་སྒྲོགས་གིན་རྒྱལ་ཆུའི་རུམ་ཁོང་དུ་བཞུར།
གོང་པོ་རིའི་དབང་རྩེ་ནས་བགྲོས་ཏེ   དམར་པོ་རིའི་ཕོ་བྲང་གི་འདབ་རོལ་དུ་བཞད།
ལུགས་གཉིས་ཀྱི་རྟ་དབང་ཆོལ་གསུམ་གྱི་འཛིན་མ་རུ་འཕྲོ་ཅིང་། ཕུན་ཚོགས་ཀྱི་འདབ་མ་མཐོ་སྒང་ཁྱིམ་གཞིས་སུ་ཤར།
ཡང་སྐབས་རེ་ངུ་ངག་གི་མཆི་མས་ང་ལ་མཚར་སྡུག་ལམ་ཕྲང་ལ་གས་ཆག་གི་མུ་གེ་སུས་འཐེན་ནམ།
དྲང་ངེས་དོན་དགོངས་ལ་གཉིས་སྨན་གྱི་ལམ་སྲོལ་ཤིག

བདེན་ཚིག་གི་འབེལ་གཏམ་ལ་ལྡེམ་དགོངས་ཀྱི་སྤོད་ངན་སུས་བཏབ་་་་་་་་་ཞེས་ཡང་ཡང་འདྲི།

ཡིན་རུང་ངའི་ཡིད་འགྱུ་ཡི་བུ་ག་ན།

ཕུགས་འདུན་གྱི་ཐིག་ལེ་དྲོན་མོས།

མ་འོངས་ལ་བྲིས་པའི་འདུན་པ་ཐོར་བུ་ཞིག་སྟེ།

ལྷག་བསམ། དྲང་བདེན། ཡིད་ཆེས་་་་་་

བྱམས་པ། སྙིང་རྗེ། དགའ་བ། བཏང་སྙོམས་ཏེ།

མ་འོངས་ལ་བཞུར་བའི་འཚེ་མེད་ལམ  ཞི་བའི་ལམ་་་་་་་

ངའི་ལྡེམ་དགོངས་འཁྱོག་བཤད་ཀྱི་སྣང་བརྙན་འདིས་སྲོང་སྲིད་ལ།  ངའི་ལོ་མང་ཉར་བའི་སེམས་གཅོང་ཀྱང་འདིས་སྨན་སྲིད།

མངྒལཾ། །

                     ☞འཇིག་ཉེ་བའི་ངའི་ཕ་སྐད།

上一篇 下一篇

猜你喜欢

热点阅读