སྐད་ཅིག་མའི་ལོ་ཟླ།

2017-10-27  本文已影响0人  阿柔零八
སྐད་ཅིག་མའི་ལོ་ཟླ།

སྐད་ཅིག་མའི་ལོ་ཟླ།

  __________རྨ་ལྷོ།  ཨ་རིག་གླེན་པ།

སློབ་གྲྭ་ཆེན་མོ་ཞིག་དགེ་ཐོན་སློབ་གླིང་།།

སློབ་བུ་ཆུང་ཆུང་ཞིག་ཨ་རིག་གླེན་པ།།

རྨི་ལམ་ཟད་པོ་ཞིག་རུམ་ལ་བཅུག་ནས།།

མདུན་ལམ་གསར་བ་ཞིག་བསྙེགས་བཞིན་ཕྱིན་པ།།

ས་ག་ཆུང་ཆུང་སྟེ་བྲག་དཀར་ཐང་ནས།།

བུ་མོ་སྒེག་ལྡན་ཞིག་གཡུ་ཡི་མཚོ་མོ།།

མདུན་ལམ་དྲང་དྲང་ཞིག་འཚོལ་བའི་ལམ་ནས།།

རྨི་ལམ་ཡག་པོ་ཞིག་མཉམ་དུ་རྨིས་པ།།

དང་པོ་བརྩེ་བ་གཙང་གཙང་ཞིག་མི་ལྡན།།

གཉིས་པ་མྱི་ཁ་མང་མང་ཞིག་འཁོར་སོང་།།

གསུམ་པ་ཟླ་བ་གསུམ་གསུམ་ཞིག་ཚར་བ།།

བཞི་པ་དགའ་བ་དྭངས་དྭངས་ཞིག་ཆགས་འདུག།

ང་ཡི་བརྩེ་བ་དེ་དུང་གི་ཟླ་བ།།

ཁྱེད་ཀྱི་དགའ་བ་དེ་འོད་ཀྱི་གོང་བུ།།

ལྷད་མེད་ཟུར་མིག་གིས་ང་ལ་བལྟས་ན།།

ཀླད་མེད་གླེན་པ་ང་བ་གླང་སྨྱོན་པ།།

ཁྲེལ་མེད་ཁྲམ་པ་ཞིག་བྱེད་བསམ་ཡོད་ཀྱང་།།

ལྷད་མེད་འཛུམ་ཆུང་ཞིག་འདི་ལྟར་བསྟན་ན།།

ཉིན་མཚན་དབྱེར་མེད་དུ་ཁྱོད་ལ་འཐམས་ནས།།

མཉམ་འགྲོ་མཉམ་འདུག་ཅིག་བྱེད་ན་བསམས་གི།

ལུས་ཀྱི་དྲི་མ་ནི་ཞིམ་པ་དྲན་གི།

འདོད་པའི་མྱོས་བུམ་ནི་འཇམ་པ་དྲན་གི།

ཆགས་སྤྱོད་འཁྲིག་པ་ལ་རོལ་བ་དྲན་གི།

ཡོད་ཚད་ཕན་ཚུན་ལ་གཏད་པ་དྲན་གི།

དགུན་ཁར་ཁ་བ་ཞིག་བབས་དུས་དྲན་གི།

དབྱར་ཁར་ཆར་བ་ཞིག་བསླེབས་དུས་དྲན་གི།

ཁྱེད་ཉིད་ཚང་མལ་དུ་དབེན་དུས་དྲན་གི།

ཐམས་ཅད་ཁྱེད་རང་ལ་དབང་བ་དྲན་གི།

ཐབས་མེད་སྟེས་དབང་གི་རྐྱེན་ཚོགས་ཤིག་གིས།།

ངེད་གཉིས་གཞན་དབང་གི་རང་བཞིན་སྣང་ཡང་།།

འདས་ཟིན་ལོ་ཟླ་ལ་ཕྱིར་མིག་འཕངས་ན།།

ངེད་གཉིས་ངེད་གཉིས་ལ་མ་གཏོགས་མི་དབང་།།

སྐད་ཅིག་མའི་ལོ་ཟླ།
上一篇 下一篇

猜你喜欢

热点阅读