ཆ་འགྲིག་ལ་འགྲིག

2016-10-09  本文已影响0人  玛尚卟姆

__________________གངས་རི་བ་གཙང་དཔལ།

རླུང་གི་རྟ་ལ་ཞོན་པའི་ཤེས་པ་དམར་པོ། །

དམག་གི་སྒར་ལ་བབ་པའི་མགྲོན་པོ་མ་ཡིན། །

ཨ་མའི་གོ་ཁར་འབྱོར་བའི་ངལ་གསོ་ཐུན་གཅིག །

ཚེ་སྨད་གྲུ་ཆེན་བསྐྱོད་པའི་གྲུ་མཁན་ཁྱོད་ཡིན། །

རི་དང་ཆུ་བོ་འདུས་པའི་ཆོད་ཡོལ་ཆགས་རུང་། །

སྤྲིན་དང་སྨུག་པ་འཐབ་པས་མཐོང་ལམ་བསྒྲིབས་རུང་། །

གཟུགས་དང་ཁ་དོག་བྲལ་བའི་སྲིན་འབུ་གཤོག་ཐོགས། །

ཆོད་དང་ཡོལ་གསེབ་དེ་རུ་རྒྱུག་རྒྱུག་འདུར་འདུར། །

དྲན་པའི་བར་གླེགས་དེ་ན་སྨིག་པ་མེད་དོ། །

བརྩེ་བའི་ལྗོངས་སྐོར་དེ་ན་སུན་པ་མེད་དོ། །

དམ་བཅའི་སྒྲོག་མདུད་དེ་ན་ལྷོད་པ་མེད་དོ། །

འུ་གཉིས་དུངས་བ་དེ་ན་ཁྲམ་པ་མེད་དོ། །

རྩ་ཡི་བུ་ག་བརྒྱུད་དེ་སྙིང་ལ་ཟུག་ཡོད། །

སྙིང་གི་ཐོག་ལ་བབ་ཅིང་འོག་ན་འཁྱིལ་ཡོད། །

རི་མོ་མེ་ཏོག་དམར་པོ་གསེང་ལ་ཐེབས་ཡོད། །

ང་དང་ཁོ་མོ་གཉིས་ཀ་ཆ་འགྲིག་ལ་འགྲིག །

         

上一篇下一篇

猜你喜欢

热点阅读