ཤུལ་མ་བཱ་ཡན་ཚོགས་པའི་སྐབས་དང་པོའ

2021-08-23  本文已影响0人  藏族同胞
ལས་ཀྱི་ལྷ་སྐལ་འབྲུག་པ་མཆོག་སྤྲུལ་རིན་པོ་ཆེ། དགེ་བའི་བཤེས་གཉེན་ཆེན་པོ་རྒན་ནཱ་སྐྱབས།

དུས་རབས་གོང་མ་ཞིག་ལ

ཕ་མེས་ཀྱི་དབང་ཐང་མཚོན་ཡོད་པའི

རུས་མིང་ཞིག

ད་ལྟའང་བུ་རབས་ཚོས

གཟི་བརྗིད་ཀྱི་དོད་དུ་ཡང་ཡང་གླེང་འོངས་པའི

རུས་མིང་ཞིག

རྒྱ་བོད་སོག་གསུམ་གྱི་ལོ་རྒྱུས་ཀྱི་གླེགས་བམ་ལས

བསོད་ནམས་ཀྱིས་མཆེད་འོང་པའི་ཡིག་འབྲུ་ཞིག

ཤ་རུས་ཁྲག་གསུམ་གྱི་འབྲེལ་བའི་བར་གསེང་ནས

དུང་ཞེན་གྱིས་ཐོན་འོང་བའི་ཐ་སྙད་གཅིག

བཱ་ཡན 

ཁྱོད་ནི་སྟོབས་འབྱོར་མཚོན་བྱེད་ཀྱི་གསེར་ཐམ་དེ་ཡིན་ཆོག

ཁྱོད་ནི་དར་རྒུད་མཚོན་བྱེད་ཀྱི་ཆོས་ཉིད་དེ་ཡིན་ཆོག

ཁྱོད་ནི་སྐྱིད་སྡུག་མཚོན་བྱེད་ཀྱི་སེམས་གཤིས་དེ་ཡིན་ཆོག

ཁྱོད་ནི་རེ་བ་མཚོན་བྱེད་ཀྱི་ས་བོན་དེ་ཡང་ཡིན་ཆོག

上一篇 下一篇

猜你喜欢

热点阅读