དྲིན་ལན་མ་བརྗེད་རོགས།

2018-03-16  本文已影响0人  智德旦才
དྲིན་ལན་མ་བརྗེད་རོགས།

ཁ་སང་ཁ་བའི་ཁྲོད་ན་ནོར་རྗེས་སྙེག་མཁན་ཕ་མ་རེད།།

དེ་རིང་ཆང་ཁང་ནང་ན་གཏོང་ཕོད་བྱེད་མཁན་བུ་ཕྲུག་རེད།།

སེན་མོར་སེར་གས་བར་ན་སྒོར་མོ་འཚོལ་མཁན་ཕ་མ་རེད།།

ཆང་ཁང་མགྲོན་ཁང་ནང་ན་མགྲོན་བསུ་བྱེད་མཁན་བུ་ཕྲུག་རེད།།

ཁ་སང་ཆར་ཆུའི་ཁྲོད་ན་མར་ཆར་གསོག་མཁན་ཕ་མ་རེད།།

དེ་རིང་གྲོང་ཁྱེར་ནང་ན་ཤོ་རྒྱག་འཕེན་མཁན་བུ་ཕྲུག་རེད།།

དཀའ་སྡུག་བྲག་ལ་ཐུག་ཀྱང་བཟོད་བསྲན་བྱེད་མཁན་ཕ་མ་རེད།།

བསླུ་བྲིད་བུ་མོའི་སེམས་པ་སྒོར་གྱིས་བསུ་མཁན་བུ་ཕྲུག་རེད།།

                      རྩྭ་ཟིལ།

上一篇下一篇

猜你喜欢

热点阅读