ངོ་རེ་ཚ།

2018-06-17  本文已影响0人  甘露amrita

ལས་མི་རྟག་ཟེར་ན་ཆོག་གི་གདའ། །

ལས་རྒྱུ་འབྲས་མེད་ནོ་འཚར་པོ་རེད།།

ཤ་ཁྲག་ཁ་ཟས་བྱེད་ན་ཡག་སྣང་ཤར།།

དད་ལྡན་ཨ་མཆོད་དེ་དག་ངོ་རེ་ཚ།།

ངུར་སྨྲིག་གྱོན་ནས་ལག་ལ་རལ་གྲི་འཛིན།།

ཁ་ཡག་བཤད་ནས་ཤ་ཡི་བྲོ་བ་རོལ།།

སྟོན་པའི་རྣམ་ཐར་ཡག་གི་ཟེར་ནས་ལབ།།

རང་ཉིད་ཐར་བ་མི་ཤེས་ངོ་རེ་ཚ།།

ལུས་པོའི་སྟེང་ལ་རི་མོ་འདྲ་མིན་བྲིས།།

འགྲོ་བ་འགྲན་པའི་མིག་རྒྱན་ཡིན་སྐད་དོ། །

ཇོ་བོ་རིན་པོ་ཆེ་ཞེས་མནའ་ཚིག་བཞེངས།།

དེང་རབས་གྲྭ་པའི་མདུན་ལམ་ངོ་རེ་ཚ།།

  དེང་རབས་གྲྭ་པ་འགའ་ཞིག་ལ་བྲིས་པ་ཡིན་པས་སྤྱི་ན་ཨ་མྱེའི་གཏམ་དཔེ་ཞིག་ཡོད་མོད།ལྷ་དཀར་དཀར་རྒྱུད་ལ་འདྲེ་ནག་ནག་ཞེས་པའི་གཏམ་དཔེ་དེ་བདེན་འདུག་སྙམ་ནས་ཡིག་ཉོག་འདི་བྲིས་པ་ཡིན།_དབྱངས་ཀྱི་ཟིལ་བས།

བདེ་སྐྱིད་འཚོ་བ་གྲོ་ན་འདོད།།

上一篇 下一篇

猜你喜欢

热点阅读