2018-01-03

2018-01-03  本文已影响0人  特多

    ལག་རྟེན་ལ་གས་གྲུམ་ཤོར་འདུག

              མཐུ་སྟོབས

ལག་རྟེན་ཞིག་ཡོད

ང་ལ་ལག་རྟེན་ཞིག་ཡོད

དེས་ངོར་ཁྱོད་ཀྱི་མིང་ཡོད    ངའི་མིང་ཡོད

མིང་དེ་ཚོན་མདོག་ནག་པོས་བྲིས

ཁྱོད་དང་ང    ང་དང་ཁྱོད

སྲིད་པ་འདིར་བཞེངས་པའི་དགའ་སྡུག་གི་ཆོ་ལོ་མཚོན་ཡོད

ཁྱོད་བཤད་མྱོང

ཐོབ་ཐང་དང་བར་ཐག་བཙན་དྲག་པས

བརྩེ་དུང་ནི་བར་ཐག་གི་སྡང་བས་བཅད

དེ་བས    ང་དྲན་ཐེངས་རེ      ཚོར་ཐེངས་རེ

བརྩེ་དུང་གི་མཚོན་མ"ལག་རྟེན"དེ་ཞེ་འཁྲི་ཡིན

ཐེངས་ཤིག་ལ

གྲོགས་པ་ན་རེ    ལག་རྟེན་འདི་མཚར་པོ་རེད

ངོས་ལ་ཁྱོད་ཀྱི་མིང་བཀོད་འདུག

རྒྱུ་མཚན་གང      ངའི་ངོ་ལ་ཐད་ཀར་བལྟས

ངས་ཡུད་ཙམ་ལ་ཅང་མ་ཟེར    གློ་བར

འདི་ནི་ཨ་ལ་ལ་མོ་ལ་རེད      ཐ་ལ་ལ་མོ་ཐ་ལ་རེད

ང་བགད    ཁོ་བགད    མཉམ་པོར་བགད

                    2018

上一篇 下一篇

猜你喜欢

热点阅读