青春

ཟླ་དྲུག་པའི་མཚན་མོ་ཞིག

2017-04-28  本文已影响0人  囔美

                                — མྱིང་མེད།

ཁུ་སིམ་མེར་གནས་པའི་མཚན་མོར

ཡོད་ཚད་མུན་ནག་གི་སྒྲིབ་ཡོལ་གྱི་འོག་ཏུ་འཛུལ

ངའི་དྲན་དུང་གི་དམར་ས་དེ་ན

སྒོ་གསུམ་གྱི་གནད་སར་ཞིག་ན

གསལ་བཤད་བྱེད་མི་ནུས་པའི་གཏམ་རྒྱུད་རིང་མོ་ཞིག

སྐབས་ལ་ལར

གཏམ་རྒྱུད་དེ་ལ་ཉན་མཁན་མང་བོ་ཡོད

ལན་རེར

དེ་ལ་མྱོང་མཁན་ང་རང་གཅིག་པུ་ལས་མི་འདུག

ཆགས་གྲུམ་དང་དུམ་ཆད་ཀྱི་གྲུབ་པའི་གཏམ་རྒྱུད་དེར

ང་ནམ་ཡིན་ཡང་མི་སྣ་གཙོ་བོ་མིན

དེའི་ནང་གི་མངོན་མེད་ཀྱི་མི་སྣ་གཙོ་བོ་དེ་འོད་ཟེར་ཡིན

དེ་ནི  མི་ཞིག་གི་མཚན་མོའི་རྨི་ལམ

དེ་ནི  མེ་ཏོག་གི་མཛེས་སྡུག་ཅིག

དེ་ནི  མཐོ་སྒང་གི་ཁ་བ་དཀར་བོ

འོན་ཀྱང  གཏམ་རྒྱུད་དེར

ངའི་གཏམ་རྒྱུད་ཅིག་ཡིན་ཞེས་བརྗོད་ན་ཆོག

ཀུ་དོགས་པའི་གྲོག་རོང་ཞིག་ན

ངོས་གཟར་བའི་བྲག་དམར་ཞིག་ན

ང་རང་འོད་ཟེར་ལ་བརྟེན་ནས་འཚོ་བཞིན་ཡོད

ད་ལྟ  དེ་མེད་ན

གྲོག་རོང་བརྒལ་བའི་ནུས་པ་མེད

ད་ལྟ དེ་མེད་ན

བྲག་དམར་ལས་འབབ་པའི་སྙིང་སྟོབས་མེད

ད་ལྟ    དེ་མེད་ན་་་་་  གཏམ་རྒྱུད་དེའང་མེད

གླག་རྒོད་ཀྱི་གཤོག་ནས་འཕྲོ་བའི-འོད་ཟེར

མི་བུ་ཞིག་སྐྱབས་སུ་ཞུ་ཡུལ་གྱི-སྒྲོལ་མ

ཁྱེད་རང་ཡོད་པས

མི་ཡུལ་འདིར་དྲན་གདུང་གི་རི་བོ་ཡོད་ལ

ངའི་ལོ་ངོ་གསུམ་གྱི་འཚོ་བ་ལ་ཕྱིར་དྲན་གྱི་དོན་སྙིང་ལྡན

རྒྱབ་གཟུགས།
上一篇 下一篇

猜你喜欢

热点阅读