༢༠༡༧-༠༥-༡༤

2017-05-14  本文已影响0人  囔美

ཡུམ➖➖➖➖➖➖➖➖➖➖➖ཆེན།

                      —རིག་གཏེར་ལྷ་མོ—

ཁོད་ཡངས་བའི་རྩྭ་ཐང་ཞིག་ན

ཡོད་ཚད་ཁུ་སིམ་མེར

ཡོད་ཚད་བྱམས་ཀྱིས་སྐྱོང་བའི་ཁྱེད

ད་སྐབས་བདེ་མོ་ཡིན་ནམ

མི་ལོ་བཅུ་གཅིག་འགོར་ཟིན

ལོ་ཟླ་འདི་དག་ལ

ཁྱེད་ཀྱི་འགྲོ་བ་གཞན་སུ་ཞིག་གི་དོན་དུ

རྔུལ་ཁྲག་འདོན་བཞིན་ཡོད

ངས་སྐྱ་ཟད་སྔོ་སྡུག་གི་ལུང་བ་ཞིག་ན

ཁྱེད་ཀྱི་གྲིབ་མ་འཚོལ་གྱིན་ཡོད

ཁྱེད་ཀྱི་གྲིབ་མ་དེ་ཡལ་བ་ནས་བཟུང

ངའི་འཇིག་རྟེན་འདི་ནི་སྟོང་བར་གྱུར

ཡུམ  ཁྱེད་རང་ཕེབས་རྗེས

འཇིག་རྟེན་འདིའི་འོད་ཟེར་མུན་པས་གཡོགས

འཛུམ་མདངས་དག་བོར་སོང་ལ

བྱལ་སོང་གི་ཤ་ཤེད་ཇེ་ཞན་དུ་གྱུར

སྔོན་ཆད་ཀྱི་མཛེས་སྡུག་མཐའ་དག

ད་ལྟ་མུ་མཐའ་བྲལ་བའི་བྱེ་ཐང་གིས་གཡོགས

དེ་རིང—༥•༡༤

ཡུམ་ཆེན་དུས་ཆེན་ལ

ཁྱེད་རང་ཀློག་གི་ཡོད

ཁྱེད་རང་འབྲི་ཀི་ཡོད

ཁྱེད་རང་བཤད་ཀི་ཡོད

\འཕགས་མཆོག་སེམས་དཔའ་ཁྱེད་དྲན་ཀི་ཡོད\

\ལྷར་བཅས་འདྲེན་པོ་ཁྱེད་ཁོ་ན་གླེང་གི་ཡོད\

ཨ་མ་ལགས་་་་་་

➖➖ཡུམ་ཆེན་དུས་ཆེན་ལ་རྟེན་འབྲེལ་ཞུ➖➖

དགུང་གི་ཉི་མ།
上一篇 下一篇

猜你喜欢

热点阅读