༢༠༡༨-༠༡-༢༩

༢༠༡༨-༠༡-༢༩
འཁྲུངས་སྐར་བསུ་བའི་བསྟོད་ཚིག་མེ་ཏོག་ཕྲེང་བ།
\__________________________གཙང་གནས།
དུས་གསུམ་རྒྱལ་བའི་ཐུགས་སྲས་མཚུངས་མེད་རྗེ། །
མི་མངོན་དབྱིངས་ནས་ཐུགས་རྗེའི་བྱིན་རླབས་ཀྱིས། །
བདག་རྒྱུད་མ་རིག་མུན་པ་རབ་བསལ་ཏེ། །
ཆོས་ཀྱི་གནས་ལུགས་རྟོགས་པའི་ཤེས་པ་སྩོལ། །
རྒྱལ་བསྟན་གསལ་བར་སྣང་བྱེད་ཀུ་མུད་གཉེན། །
ལྔ་བདོའི་མུན་པའི་སྨག་རུམ་རྔམས་མཐུག་ཁྲོད། །
དཀར་གསལ་མཛེས་སྡུག་དད་པའི་ཡིད་མཁའ་རུ། །
ཉ་གང་ཞལ་དཀྱིལ་མཛུམ་པ་ཨེ་མ་རྨད། །
རྨད་བྱུང་ཐུབ་བསྟན་ཆུ་གཏེར་འབབ་པའི་རྒྱུན། །
ཟླུམ་གཟུགས་གོ་ལའི་སྨན་ལྗོངས་འགའ་ཚལ་གྱི། །
གྲངས་མེད་སྐྱེ་རྒུའི་དུང་བའི་ཡིད་མཚོ་རུ། །
འདྲེད་མཁས་བྱང་ཆུབ་སྤྱོད་འཕགས་ཨེ་མ་བསྟོད། །
ཤར་ནུབ་གླིང་གཞིའི་འགྲོ་བ་མཆོག་དམན་ཀུན། །
བྱམ་དང་བརྩེ་བའི་འཇམ་མཉེན་ཕྱག་ཟུང་གིས། །
འདི་སྣང་བདེ་དང་ཕྱི་མར་ཕན་པའི་ལམ། །
སྟོན་མཁས་མི་དབང་རྗེ་ཁྱེད་ཟླ་མེད་རྒྱལ། །
འདི་བཟུང་ཚོགས་གཉིས་རྒྱ་མཚོའི་རྦ་རླབས་ལས། །
སྲིད་གསུམ་མུན་འཇོམས་བྱང་ཆུབ་ཟླ་བའི་དབང་། །
འགྲོ་ཀུན་འདྲེན་པའི་དཔལ་དུ་མཁའ་དཀྱིལ་ནས། །
འཛུམ་པ་དེ་སྲིད་རྒྱལ་བས་རྗེས་འཛིན་མཛོད། །
ཅེས་བོད་མེ་བྱ་ལོའི་བོད་ཟླ ༡༢ པའིཚེས་ ༡༣ ཉིན་བྲིས་པའོ།།
上一篇
下一篇