ཉིན་ཐོ་དང་རྨི་ལམ།

2021-03-28  本文已影响0人  SONAM0

ཉིན་ཐོ་མི་འཆད་པའི་ཆེད་ཉག་ཉོག་ཅིག་ལབ་བཞིན་ཡོད་པ་ལས། དམིགས་བསལ་གྱི་འཆར་སྣང་དང་ཤེས་རྟོག་གསར་བ་ཅི་ཡང་འབྲི་རྒྱུ་མི་འདུག བཤད་རྒྱུ་མེད་བཞིན་དུ་སྐད་ཆ་ཁ་ཤས་བཙན་གྱིས་བཙིར་དེས་ནི། རང་ལ་ཡར་བསྐྱེད་དང་འཐོར་འདེགས་ཀྱི་ནུས་པ་ཅི་ཡང་སྟེར་མི་ནུས་པ་འདྲ། ལན་རེར་བསམ་ན་ཉིན་ཐོ་འབྲི་རྒྱུའི་དམིགས་ཡུལ་ནི། འབྲི་རྩལ་ཡར་རྒྱས་སུ་གཏོང་ཆེད་ཡིན་ནའང་། ཡར་ཐོན་དང་གྲུབ་འབྲས་ཕར་ཟད། ཉིན་ཐོའི་ཆེད་དུ་ཉིན་ཐོ་འབྲི་བཞིན་པ་ལྟ་བུའི་སྣང་ཚུལ་ཡང་འབྱུང་། དེ་འདྲའི་སྣང་ཚུལ་བྱུང་བའི་དཔེ་མཚོན་གསོན་པོ་ཞིག་ནི། ཉི་མ་དེ་རིང་གི་བར་དུ་བརྩིས་ན། ཆེས་མ་མཐའ་ཡང་ལོ་གཅིག་གི་ཡུན་ཙམ་ལ་རྒྱུན་སྐྱོང་ལྷོང་མེད་ཀྱིས་ཉིན་ཐོ་བྲིས་ཟིན་པ་ཡིན་ཡང་། འབྲི་རྩལ་ལ་གྱི་ཆ་ལ་འཐོར་འདེགས་དང་ཡར་ཐོན་ཅི་ཡང་སླེབས་མེད་པ་མིག་མཐོང་ལག་ཟིན་དུ་གྲུབ་ཡོད་པ་དེ་འདྲ་རེད། དེ་ལྟར་བསམ་ན་ཉིན་ཐོ་བྲིས་པ་འདིས་རང་ལ་གྲུབ་འབྲས་བཟང་བོ་ཞིག་བསྐྲུན་ཐུབ་མིན་ཡང་དོགས་གནས་སུ་ཆགས་ཡོང་ངོ་།།

上一篇 下一篇

猜你喜欢

热点阅读