ཁྲིམས་རྨོངས་སེལ་བའི་དུང་བརྡ།

2016-01-15  本文已影响0人  涅热尕

                                                  ཞལ་ལྕེ་དཀར་པོ།  ༼ལྷོ་ཁ།༽

རང་ཅག་ཁ་བའི་ལྗོངས་འདིར་བོད་རྗེ་སྲོང་བཙན་སྒམ་པོའི་དུས་ནས་ལྷ་ཆོས་དགེ་བ་བཅུ་དང༌། མི་ཆོས་གཙང་མ་བཅུ་དྲུག་གི་སྲོལ་བཙུགས་སྟབས་རྗེ་འབངས་ཀུན་གྱིས་ཁྲིམས་ལུགས་ཞེས་པའི་ཐ་སྙད་ལ་མི་རྨོངས་པ་བྱུང་ཡོད་ལ་ཁྲིམས་ལུགས་གཏན་འབེབས་དང་ལག་བསྟར་འདི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་གོམས་འདྲིས་དང་སེམས་པའི་འདུ་ཤེས། ཡུལ་སྲོལ་དད་མོས་སོགས་སྤྱི་ཡོངས་དང་བསྲིངས་ཡོད་སྟབས་མཐའ་འཁོར་རྒྱལ་ཕྲན་ཁག་དང་བསྡུར་ན་རྣམ་པར་རྒྱལ་བ་ཞིག་རེད།  ལྷག་དོན་ཆོས་སྲིད་ཟུང་འབྲེལ་དང་ཆོས་ཁྲིམས་ཟུང་འབྲེལ་ནི་སྐབས་དེའི་དུས་དངབསྟུན་ན་སྲིད་སྐྱོངས་ཐབས་ལམ་ཡག་པོ་ཞིག་མ་ཡིན་ག་ལ་སྲིད།   འོན་ཀྱང་།  དེང་གི་ཆ་འདིར།  སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་མི་དམངས་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ལ་དེ་བས་ཚོང་དོན་དཔལ་འབྱོར་ལ་ཚ་རླབས་འཕྱུར་བའི་འཕེལ་རྒྱས་བྱུང་ཡོད་སྟབས་འཕེལ་རྒྱས་ཁྲོད་ཀྱི་ཁྲོམ་རའི་དོ་བདག་དབར་ཁེ་ཕན་འགལ་བའི་རྩོད་གཞི་སྣ་ཚོགས་ལྷགས་མུས་ཡིན་ལ་ཁྲིམས་ཀྱི་རྨོངས་པའི་མི་བོ་མང་པོ་གྱོང་གུན་གྱི་བཅར་བརྡུང་ཕོགས་ནས་ཁྲིམས་ཀྱི་རྩ་དོན་དང་རྒྱབ་འགལ་དུ་སོང་ཡོད།   ལྷག་དོན་ཞིང་འབྲོག་མང་ཚོགས་མང་པོ་ཁྲིམས་མཐུན་དང་ཁྲིམས་འགལ་ལ་ངོས་འཛིན་དབུལ་ལ་དབང་ཆ་དང་འོས་འགན་ལ་གོ་བ་སྐྱོ་བས་ཕོགས་མི་འོས་པའི་གྱོང་གུན་མང་པོ་ཕོགས་པ་དང་ཁྲིམས་ལུགས་ཤེས་བྱས་དབུལ་བའི་ཁྲིམས་འཛིན་མི་སྣ་འགའ་རེས་གང་འདོད་བཞིན་༼ཁྲིམས་འགལ་༽ཟེར་ནས་མང་ཚོགས་ཀྱི་ཁྲིམས་མཐུན་དབང་ཆར་བཙན་གནོད་བྱེད་པར་བསམ་ན་ང་རང་ཁྲིམས་ལུགས་ལས་འཛིན་ཞིག་གི་ངོས་ནས་འཚོ་བ་དང་འབྲེལ་འདྲིས་ཟབ་པའི་ཁྲིམས་ལུགས་རྒྱུན་ཤེས་ཐུང་ངུ་རེ་བོད་བསྒྱུར་བྱས་ཐོག་སྐད་འཕྲིན་སྟེགས་བུ་བརྒྱུད་ནས་སྤེལ་རྒྱུ་ཡིན།   དེ་ཡང་ཁྲིམས་ལུགས་ཤེས་བྱས་དམན་པའི་མི་ཚོགས་ལ་སྨན་པ་དང་ཁ་བའི་ཡུལ་ལ་གང་ནུས་ཀྱིས་ལེགས་སྐྱེས་ཆུང་ཆུང་ཞིག་འཕུལ་བར་རེ་བས་དགེ་བར་སྨོན།

བོད་རབ་བྱུང་༡༧ཤིང་ལུག་ལོའི་ཟླ་བ་༡༡ཚེས་༢༦ཉིན།

མཚོ་སྣ་ནས།

 

上一篇下一篇

猜你喜欢

热点阅读