2018-08-21

2018-08-21  本文已影响0人  garTsegyal

    ང་ཚོས་ཕྲེང་རྡོག་རེ་མཛུབ་མོས་འདེད་བཞིན་ལྷ་ཁང་དང་སྐུ་འདྲ་རེ་ལ་ཐོད་པ་གཏུགས་ཞོར། མ་གྱུར་འགྲོ་བ་སེམས་ཅན་ཐམས་ཅད་ཟེར་ནས་ཁ་མུག་མུག་དང་དབུགས་ལྷེམ་ལྷེམ་དུ་ཟློ་བཞིན་ཡོད། ཡིན་ཡང་། དོན་དངོས་ཐོག་གལ་ལ་ཐུག་དུས་དཀའ་སྡུག་མྱངས་མི་རུང་བ་དང་འཆི་མི་ཉན་པ་རང་ཉིད་གཅིག་པུ་ཡིན།
        ཞིབ་ཏུ་བསམ་ན་འབུ་སྲིན་ཕྲ་མོ་ནས་བཟུང་འགྲོ་བ་གང་འདྲ་ཞིག་ཡིན་ཡང་ཐམས་ཅད་བདེ་སྐྱིད་ཀྱིས་འཚོ་འདོད་པ་གཅིག་མཚུངས་ཡིན། དེའི་ཕྱིེར་དཀའ་སྡུག་གི་དུས་སུ་མཐོ་དམན་དང་། ཆེ་ཆུང་། ཡག་སྡུག ཉེ་རིང་བཅས་ལ་མ་བལྟས་པར་སུུུུ་དང་གང་ལ་ལག་ལེན་གྱིས་རོགས་འདེགས་བྱེད་པ་ནི་ཁ་ཡོད་ལག་ཡོོོོོོད་ཀྱི་བྱམས་བརྩེ་བླ་ན་མེད་་པ་དེ་ཡིན།

上一篇下一篇

猜你喜欢

热点阅读