༼    འཕུར་འགྲོ་ ༽

2017-10-19  本文已影响0人  藏家小伙
བསོད་བཀྲའི་འབྲི་ཤོག།།

བློ་སེམས་གཅིག་ཏུ་སྒྲིམས་ནས།།ཤེས་བྱའི་གནས་ལ་རོལ་ནས།།

རང་གི་ཕུགས་བསམ་མངོན་ཆེད།།རྒྱ་གྲོང་དཀྱིལ་དུ་འཕུར་འགྲོ།།


བརྩེ་བའི་ལག་རྡང་སྒྲིལ་ཏེ།།གོམས་ཁ་མཉམ་དུ་སྤོས་ནས།།

མི་ཚེའི་བདེ་སྐྱིད་ཟེར་བ།།ལམ་སེང་འཚོལ་དུ་འཕུར་འགྲོ།།


སྙིང་སྡུག་བྱམས་པ་ཁྱེད་ལ་།།བརྩེ་བའི་སྙིང་དམར་སྟེར་ཡོད།།

དུང་མཚོ་མཐའ་ཡི་ཕར་ལ།།མཉམ་དུ་འཆིབས་ནས་འཕུར་འགྲོ།།


     

              གུས་བསོད་ནམས་བཀྲིས་ནས།།

上一篇 下一篇

猜你喜欢

热点阅读