སྐྱེས་སྐར་ལ་རྟེན་འབྲེལ་ཞུ།

2018-08-08  本文已影响0人  康尼塞
བསོད་ནམས་ཚེ་བརྟན།

སྤུན་གཅེས་ལགས།    སྐྱེས་སྐར་བསུ།

སེམས་བསམ་པའི་བར་གསེང་ན།

མེ་ལྕེ་བཞིན་མཆེད་པའི།

རྟག་བརྟན་གྱི་བརྩེ་བའི་ཀློང་ནས།

ཡིད་མཐུན་པའི་སྤུན་གཅེས་ལགས་ཀྱི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ།

འཇིག་རྟེན་གྱི་མི་ཡུལ་ན།

ལྟེ་ཕྲག་ཐོག་མ་བྲེག་པའི་ཉིན་འདི་ནས།

ཨ་མའི་པང་ཁུག་ན།

ལྷོད་ཀྱིས་བཞད་པའི་དུས་ཚིགས་འདི་ནས།

ཁྱོད་ཀྱི་ཚེ་གང་པོ་ལ་ཅི་བསམ་ལྷུན་འགྲུབ་ཀྱི་རྟེན་འབྲེལ་ཞུ།

སྐྱེས་སྐར་སྤྲི་གོར་ལ་མཉམ་དུ་རོལ་བའི་དུས་སྐབས་མེད་ཀྱང་།

མཉམ་རོལ་གྱི་འཚོ་བ་དངོས་དང་འཕྲད་པའི་སྣང་བ་ཞིག་གིས།    

སྤུན་གཅེས་ཀྱི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ།

ཚེ་འདི་ལུས་ལ་ན་ཚ་མེད་པ་དང་སེམས་ལ་སྡུག་བསྔལ་མེད་པའི་ཅི་བསམ་ལྷུན་གྱི་འགྲུབ་པའི་བཀྲིས་ཤོག།

          ༢༠༡༨. ༨. ༨ཉིན་ཨ་རྟོགས་ནོར་བུ་ཡིས་བྲིས།

上一篇下一篇

猜你喜欢

热点阅读