༼ཁྱེད་མེད་པའི་ང་ཚོ༽

2017-12-17  本文已影响0人  睨视

༼ཁྱེད་མེད་པའི་ང་ཚོ༽

གནམ་འོག་གི་སེམས་དཔའ་ཆེན་པོ་སྨན་རི་བ་ཁྱེད་ཕེབས་པ་སྔ་སོང།།

རིན་པོ་ཆེ།།    ང་ཚོ་ཁྱེད་ཕེབས་པ་ནས་བཟུང་ཕ་མ་མེད་པའི་དྭ་ཕྲུག་ཁེར་འགྲོ་བ་ཞིག་དང་ཅི་འདྲ་མི་མཚུངས་ཨང།།

ཁྱེད་མེད་ན་ཉི་འོད་ལ་དྲོད་ཁོལ་མི་འདུག་ལ།།

ཟླ་འོད་ལ་གསལ་ཁ་ཡང་དེ་བས་མི་འདུག།།

ཁྱེད་མེད་པའི་འཇིག་རྟེན་འདིར་ཉི་མ་ཡོད་ཀྱང་དྲོད་ཚད་མེད་པ་ཞིག་དང།།

ཟླ་འོད་ཡོད་ཀྱང་སྨག་རུམ་མི་གསལ་བ་ཞིག་དང་མཚུངས་མོད།།

བླ་མ་ལགས།།    ང་ཚོ་ལ་ཁྱེད་མེད་ན་བདེ་སྐྱིད་ཅིག་ག་ལ་ཡོད་སྲིད།།

རེད་ཏེ་ང་ཚོས་ཁྱེད་ཀྱི་དུས་རྒྱུན་འཁོར་སློབ་ཀྱི་ཁྲོད་དུ་གསུང་བའི

བཀའ་སློབ་ཟབ་མོ་མི་ལ་་་ལ་རྒྱལ་ཡོད་ན།། 

ཤ་ལ་རུས་པ་ཡོད་ན་ད་རེས་ཡིན་ཟེར་བའི་བཀའ་སློབ་དེ་སེམས་ནང་ལ་འཛིན་ནས་མིག་རྒྱང་རིང་དུ་འཐེན་བཞིན་འཆད་རྩོད་ཀྱི་གནས་ལ་འབད་བཞིན་ཡོད་།།

སྐྱེས་ཆེན་ལགས།།    ང་ནི་ཁྱེད་ལ་མཇལ་མྱོང་ཡོད་པའི་མི་བུ་ཞིག་མ་ཡིན་ལ།།

ཁྱེད་ལ་དངོས་སུ་བསྟེན་མྱོང་ཡོད་པ་ཞིག་དེ་བས་ཀྱང་མ་ཡིན།།

ང་ནི་ཁྱེད་ལ་དད་མདུན་ལྷོད་མྱོང་མེད་པའི་མི་བུ་ཞིག་ཡིན་པས་སྨྲེ་སྔགས་འགའ་ཤོར་བྱུང།།

上一篇下一篇

猜你喜欢

热点阅读