དོ་དགོང་ཡང་རྣམ་གཡེང་གི་རྟ་ཁ་མ་ཐུ

2021-01-09  本文已影响0人  SONAM0

དོ་དགོང་མུ་འཐུད་ནས་གཞན་ངོ་མི་སྲུང་བའི་སྤོབས་པ་ཞེས་པའི་དེབ་དེའི་ཚན་པ་བདུན་པ་འབྲི་འཆར་ཡོད་མོད། དགོང་ཆུ་འཐུང་ཞོར་དུ་ལྷ་སའི་“ལོ་སར་མཚན་ཚོགས་ཀྱི་འགྲན་ཞུགས་དོ་ར་”་ཞེས་པའི་དགོང་ཚོགས་ཞིག་ལ་བལྟས་ཏེ། དུས་ཚོད་རིང་བོ་འགོར། དེར་བལྟས་ཚར་རྗེས། ཡང་འདུག་བཟོད་མ་ནུས་པར་དབུས་སྐད་དུ་བསྒྱུར་འདུག་པའི་མུ་འབྲེལ་བརྙན་འཕྲིན་གང་ཞིག་གི་ཁ་ཕྱེས་པ་ན། ཤིན་ཏུ་ཉན་སྤྲོ་ལ་ལྷོད་ཤ་ཆེ་བའི་དབུས་སྐད་ཀྱིས་ཡིད་དབང་འཕྲོག་སྟེ། ཅི་ཡིན་འདི་མེད་ཀྱི་ངང་ནས་དུས་ཚོད་གཅིག་ཙམ་གང་སོང་མ་ཤེས། ཚད་འདིར་སླེབས་པ་ན། མཚན་གྱི་ཆུ་ཚོད་བཅུ་གཅིག་ནས་ཡོལ་འདུག་པས། ད་ནི་མང་བོ་ཞིག་འབྲི་བསམ་རུང་གཉིད་ཀྱི་རྒྱལ་མོའི་འབོད་སྒྲ་སྒྲོག་བཞིན་པས་རྨི་ལམ་གྱི་ཞིང་ཁམས་སུ་ཆས་རན། འདི་ལྟར་རྩ་ཆེ་བའི་དུས་ཚོད་མོད་པོ་དོན་མེད་ཟད་འགྲོ་བ་དེ། དུས་རབས་འདིས་བྱིན་པའི་ཉེན་ཚབས་དེ་ཡིན་ནམ། རང་གིས་རང་ཉིད་འབོར་བཞིན་པའི་སྐྱོ་གར་ཡིན། གང་ལྟར་ད་ཚོད་རྣམ་གཡེང་གི་རྟ་རྒོད་གདུལ་རྒྱུ་དེ་ཇི་འདྲའི་དཀའ་བ་ལ།

上一篇下一篇

猜你喜欢

热点阅读