ཆང་གི་ལེའུ།

2017-12-26  本文已影响0人  才尔巴藏文平台

                      ཆང་གི་ལེའུ།

ཆང་གི་ལེའུ།

          རྔ་ཚང࿐བྱུར་དཀར་གྱིས།

སྔ་དྲོར།

ང་ཆང་ཁང་ན་ཡོད།

ཨ་རག་དམ་བེ་ལག་འཇུ་བྱེད་བཞིན་

ཝུ་བ་དཀར་པོ་ཧུབ་ཀྱིས་འཐུང་བཞིན་

དམར་པོ་གླིང་གི་ཆང་ཁང་ན་ཡོད།

ཉིན་གུང་།

ང་སྔར་བཞིན་དམར་པོ་གླིང་གི་ཆང་ཁང་ན་ཡོད།

རང་སེམས་དམར་ལོ་འཛུམ་གྱིས་བསུས་ནས་

ཡིད་སེམས་དྲང་མོ་གླུ་རུ་གྱེར་ནས་

དམར་པོ་གླིང་གི་ཆང་ཁང་ན་

མིག་ཟུང་རབ་རིབ་ཀྱི་རྒྱང་ཐག་མ་ཟིན་པར་

ལག་པས་ཡར་ཡོར་གྱི་དམ་བེ་མ་ཟིན་པར་

ཆང་ཁང་གི་སྡིངས་བར་ན་བཟི་ལ་ཁད།

ཕྱི་དྲོར།

དམར་པོ་གླིང་གི་ཆང་ཁང་གི་གྲུ་ཟུར་ཞིག་ན་

མགོ་བོ་ནང་ལ་བཀུག་ནས་

ཅི་ཞིག་ལ་འདང་མ་ཕོག་པ་བཞིན་

ཁུ་སིམ་མེར།

མིག་ལ་ནས་ཆང་གི་མདངས་ཤིག་རྒྱས་ནས་

སེམས་ལ་དྲན་ཞིང་གི་ཚོར་བའི་འཚོས་ནས་

སེམས་པ་དགུ་སྒྲིགས་ཀྱི་ལབ་གླེང་འཐེན་ནས་

དམར་པོ་གླིང་གི་ཆང་ཁང་ན་ཕ་ཡུལ་ལ་རེ་སྙེག་མཆིས

དམར་པོ་གླིང་གི་ཆང་ཁང་ན་ཆུང་མ་ལ་འཕྲད་འདོད་ཆེ་

དེ་ནི་ཁོ་བོའི་དྲན་ཞིང་དེ་

སེམས་ཀྱི་མོས་ས་ཡིན།

上一篇下一篇

猜你喜欢

热点阅读