2017-11-02

2017-11-02  本文已影响0人  格桑旦增

༄༅།རིག་འཛིན་གོང་མའི་སྒྲུབ་གནས།

ཡུལ་ལྗོངས་མགོན་ལྷའི་དབེན་གནས།

མདོ་སྟོད་ཤོག་ཆེན་བཅོ་བརྒྱད།

སྦས་ཡུལ་རྒྱལ་ཤོག་ལུང་པ།

གསའ་ཡི་ནོར་བུ་བཅུ་གསུམ།

ཟང་དྲུག་སྨན་གྱི་གཏེར་ཁ།

ཆིས་ཀྱི་རིན་ཆེན་བཅུ་གསུམ།

རྟ་ནོར་ལུག་གི་ཕ་ས།

ཡ་གོང་དྲག་རྩལ་བཅུ་གསུམ།

དབྱར་རྩ་དགུ་འབུའི་ཕ་ས།

རྒོད་ཀྱི་དར་རྒྱས་བཅུ་གསུམ།

ཡུལ་ལྫོངས་ལྟད་མོ་མཛེས་ས།

རྒྱལ་ཤོག་མོ་ནམ་ཆེ་བརྒྱད།

ཞིང་ལ་ལོ་སྟོགས་རྒྱས་ས།

འབྲང་བརྗེ་དགྲ་འདུལ་ནོར་བུ།

དམག་པོ་དགྲ་ལ་ཁྲོས་འདྲ།

འབྲང་ཆེན་རྟ་སོ་ཆེ་རྒྱད།

འབྲོག་ཕྲུག་རླུང་རྟ་དར་ས།

བུ་རྫུམ་གཡང་ལུང་སྡེ་བ།

མི་ནོར་ཕྱུག་གསུམ་འཛོམ་ས།

གཡུང་དྲུང་བོན་བསྟན་དར་ས།

ཕོ་རྣམ་དཔའ་རྩལ་རྒོད་ས།

མོ་རྣམ་ཁོད་ཤེས་བཟང་ས།

ས་སྐྱིད་པོ་བུ་རྫུམ་ལུང་པ།

བུ་ཆུང་ངའི་ཕ་ཡུལ།

ཀི་བསོ་བསོ་ལྷ་རྒྱལ་ལོ།

上一篇 下一篇

猜你喜欢

热点阅读