ང་ལ་རྨི་ལམ་ཞིག་ཡོད།

2017-11-14  本文已影响0人  不花浪子
                ང་ལ་རྨི་ལམ་ཞིག་ཡོད

                                            གྲིབ་གཟུགས་ནས།


ངའི་རྨི་ལམ་ནི

མཚམས་མཚམས་སུ

འཁྲུལ་སྣང་གི་སྨུག་སྒྱུའི་གྲོང་ཁྱེར་ཞིག

སྐབས་སྐབས་སུ

སྟོང་འདང་གི་གསང་བའི་ཐེམ་སྐས་ཤིིག

མདོར་ན

བདེ་སྐྱིད་ཀྱི་འབྱུང་རྩ་སྟེ

བརྩེ་བའི་རྨི་ལམ་ཞིག་ཡིན


མི་ཚེ་ནི་མ་གཞི་ནས་རྨི་ལམ་སྣ་ཚོགས་ཀྱིས་གྲུབ་ཅིང

ངའི་རྨི་ལམ་ནི་བརྩེ་དུང་གིས་བཟུང་སྟེ

བརྩེ་དུང་གིས་ང་ལ

སྐྱིད་སྡུག་འདྲེས་མའི་འཚོ་བ་བསྐྲུན་མྱོང་ཞིང

མངར་སྐྱུར་བསྲེས་མའི་བྲོ་བའང་སྦྱིན་མྱོང

མ་ཟད

འཁོར་བའི་གྲོང་གི་གནས་ལུགས་མང་པོ་རྟོགས་སུ་བཅུག

ངས་བརྩེ་དུང་ལ་བཀའ་དྲིན་ཞུ་ན་འདོད

ལོས་འདོད

བརྩེ་དུང་ནི་ང་རང་གིས་ཆེས་དོ་སྣང་བྱེད་ས་དེ་ཡིན


དོན་དངོས་སུ

རྨི་ལམ་དུ་ཀ་ཁའི་གདངས་ལ་སིམ་པའི

འབྲོག་མོ་སྙིང་ལ་རྗེ་བོ་ཞིག་ཡོད

འབྲོག་མོ་དེ་ནི་ངའི་རྨི་ལམ་ནང་གི་མཛའ་མོ་ཡིན་ལ

རྨི་ལམ་མངོན་འགྱུར་བྱེད་མཁན་གྱི་མི་དེའང་ཡིན

ལོས་ཡིན

ཁོ་མོ་ནི་ངའི་བརྩེ་བའི་བདག་མོ་དང

མི་ཚེའི་གཏན་གྲོགས་ཉིད


དེ་ཡང

དུས་གཏན་དུ་ང་གཅིག་པུར་དབང་བའི་མ་ཞིག་ཡོད་ན

ཚེ་གང་བོར་མོ་གཅིག་པུར་དགའ་བའི་དམ་བཅའ་ཅི་ལ་མི་འཇོག


ཏག་ཏག་སྐབས་འདིར

རྒན་གྱའི་སྐར་མ་དང་སྨན་ཆུང་ཚེ་སྐྱིད་ལྟ་བུའི

བརྩེ་དུང་གི་གཏམ་རྒྱུད་དག

ངའི་སྣང་ངོ་ནས་ཕལ་ཆེར་ཡལ་སོང་བ་འདྲ

རྒྱུ་མཚན

ང་ལ་དེ་ལས་ལྷག་པའི་རྨི་ལམ་དང་འཚོ་བ་ཡོད

དེ་ལས་ལྷག་པའི་བརྩེ་དུང་དང་བདེ་སྐྱིད་ཡོད

སེམས་ཀྱི་མི

ཡོད་ཚད་ཁྱེད་ཀྱིས་སྦྱིན་པ་ལགས

འདི་ནི་ངའི་རྨི་ལམ་ཡིན

ངའི་མི་ཚེའི་རེ་བསྙེག་བྱེད་ས་ཡིན

        ༢༠༡༧ལོའི་ཟླ་༡༡པའི་ཚེས་༡༤ཉིན་གྱི་མཚན་མོར།


上一篇 下一篇

猜你喜欢

热点阅读