ཁྱེད་ལ་བྲེས་པའི་སྐྱེ་སྐལ་གྱི་ཐང་

2017-04-25  本文已影响0人  续目忘尘者

ཁྱེད་ལ་བྲེས་སྐྱེ་སྐལ་གྱི་ཐང་ཀ།།

                                  ----------བཙུན་པ་ཁྲུམས་མེད་ནས།།

དྲི་ཞིམ་གྱི་འཇིག་རྟེན་ནས་རེ་ལ་འདོད་པའི་ལང་ཚོ་ཡི་མྱུ་གུ་འཁྲུངས།

རི་གྲོང་ལ་གྲང་རེག་ནོར་འཛིན་འོག་དུ་ཆགས་པའི་སྨུག་པོ།

གྲོང་རྡལ་ན་ཡོད་པའི་དཔྱིད་ཀྱི་མེ་ཏོག་གིི་ཟིལ་བ།

རི་རྩེ་ལ་ཕེབས་པའི་ཉི་འོད་ཀྱི་མདའ་མོས།

མཐུག་སྦག་སྦག་གི་སྨུག་པ། མདའ་མོས་དམར་པོར་དུ་ཚོས་བྱོང་།

ངས་དེར་དུས་སྣམ་པ་ཡིད་ལ་བསམ་པའིསྐལ་བ་ལ།

ལྗོངས་གནས་འདིས་དུས་ལ་ཐམས་ཅད་བསིལ་ལྡན་གྱི་འདས་པ་ལས་སད་སོང་།

སུ་རེད།

ལག་དུ་བྱིས་པ་འཁྱུལ་ནས་བཞད་སྒྲ་ལྷུང་ལྷང་དུ་སུ་ཞིག་གི་སྒྲོགས་བཞིན།

སུ་ཞིག་གི་སྔ་ཚེ་ནས་བསམ་མྱོང་།

སྔོན་མེ་ཏོག་ལྡན་པའི་དཔྱུད་ཟླ་བཞི་བའི་དུས་རུང་ལས་སླེབས་པའི་ཁྱོད།

ད་བལང་ཚོའི་ཆུ་བོ་དཀྱིལ་ན་ཡོད་པའི་དགའ་མགུ་སྐྱིད་སྣང་ཚོར་བའི་ཉ་མོ་ཡིན་པ་སུ་ཡི་ཤེས།

ཨ་ལ་ལ།

ཁྱོད་ནི་རེ་ལ་འདོད་པའི་ལང་ཚོའི་ཡི་རྨྱུ་གུ།

ཁྱོད་ནི་བསིལ་ལྡན་ལས་འདས་པའི་སྨུག་པོ།

ཁྱོད་ནི་ཟླ་བཞིའི་པའི་ཁམ་བའི་མེ་ཏོག།

ཁྱོད་ནི་ཉི་འོད་ཀྱི་མདའ་མོ།

ཧ་ཧ་ཧ་ཧ་   ཨེ་མ་ལ་ཡ།     ཨེ་མ་ལ།

མཛེས་པའི་དུས་ཀྱིས་རུང་ལ།སྐྱེས་པའི་སྐལ་པ་ཞིག་བྱོང་།

འདི་ནི་རྟེན་འབྲེལ་གྱི་རུ་མོ་རེད་དྲ།   སྔོན་བསག་གི་ལས་རེད།[疑问]

དེ་དང་ད་ེའདྲས་དུས་ལ་སྐྱེས་པའི་ཁྱད་ནི་འབྲི་ཆུའི་ལྷོ་རྒྱད་ཀྱི་ཆར་ཟམ་དང་མཉམ་མཛེས།།

ཁྱེད་ལ་བྲེས་པའི་སྐྱེ་སྐལ་གྱི་ཐང་ཀ།།
ཁྱེད་ལ་བྲེས་པའི་སྐྱེ་སྐལ་གྱི་ཐང་ཀ།།

上一篇 下一篇

猜你喜欢

热点阅读