ཀརྨ་སྒར་བྲིས།

2017-10-08  本文已影响0人  才旦東珠

                        ཀརྨ་སྒར་བྲིས་ལྷ་བཟོའི་ངོ་སྤྲོད།

བསོད་ནམས་ཉི་མ། ཕོ། བོད་རིགས། ༡༩༢༦ ལོ ~ ༢༠༠༠ ལོ། ཁམས་སྡེ་དགེ་ཙ་འདྲ་རིན་ཆེན་བྲག་ཀརྨ་སྒར་ལུགས་ཐང་ག་སྒྱུ་རྩལ་ཚོགས་པའི་ཚོགས་གཙོ་དང་། ནང་ཆེན་དགོན་ཞབས་དགོན་བཟོ་རིག་ཁང་གི་དབུ་ཆེན། ཀྲུང་གོ་བོད་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོ་བཞེངས་བསྐྲུན་སྐབས་ཀྱི་ཀརྨ་སྒར་ལུགས་ཀྱི་དབུ་ཆེན། ཡུལ་ཤུལ་སྐྱེ་རྒུ་དགོན་པའི་འདུ་ཁང་བསམ་འགྲུབ་རྒྱ་མཚོའི་གྱང་ལྷ་སྐྱེས་རབས་དཔག་བསམ་འཁྲི་ཤིང་བཞེངས་བསྐྲུན་སྐབས་ཀྱི་དབུ་ཆེན་སོགས་ཀྱི་འགན་བཞེས་པ་རེད། དགོན་ཞབས་དགོན་པའི་དམར་མགོ་ཐུབ་བསྟན་དང་། ཟུར་མང་འབྲུག་སྤྲུལ་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་ཉི་མ། ནང་ཆེན་ཕོ་བྲང་གི་ལྷ་བཟོ་ཀརྨ་ཐུབ་བསྟན་སོགས་དགེ་བའི་བཤེས་གཉེན་རྣམས་ཀྱི་ཞབས་རྡུལ་སྤྱི་བོར་བླངས། ཀརྨ་སྒར་བྲིས་ལ་བྱང་ཞིང་ནང་བྱན་ཚུད་པ་ཞིག་གོ།། བརྩམ་ཆོས་རྣམས་ ༼༼ THE KARMAPAS AND THEIR MAHAMUDRA FOREFATHERS ༽༽ དང་། ༼༼ ཀྲུང་གོ་ཐང་ག་སྒྱུ་རྩལ་ཕྱོགས་བསྡུས། ༽༽  ༼༼ ཀྲུང་གོ་བོད་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོ། ༽༽ ༼༼ ཀརྨ་སྒར་ལུགས་ཀྱི་ཞལ་ཐང་། ༽༽ ༼༼ ཟི་ཁྲོན་དཀར་མཛེས་ཐང་ཁའི་སྒྱུ་རྩལ་ཕྱོགས་བསྡུས་ ༽༽ སོགས་སུ་བཀོད་ཡོད་པ་རེད། ༼༼ སྟོན་པའི་སྐྱེ་རབས་དཔག་བསམ་འཁྲི་ཤིང་ ༽༽ དང་། ༼༼ གནས་བརྟན་བཅོ་བརྒྱད། ༽༽ ༼༼ མར་ལུགས་རྒྱུད་སྡེ་བཅུ་གསུམ། ༽༽ ༼༼ ཚེས་བཅུ། ༽༽ ༼༼ ཚེ་ལྷ་རྣམ་གསུམ། ༽༽ ༼༼ འོད་དཔག་བདེ་བཀོད། ༽༽ ༼༼ རྒྱལ་བ་མི་འཁྲུགས་པ། ༽༽ ༼༼ ཀུན་རིག་རྣམ་པ་སྣང་མཛད། ༽༽ ༼༼ བཀའ་བརྒྱུད་གསེར་ཕྲེང་ ༽༽ སོགས་བརྩམ་ཆོས་རྣམས། དབྱིན་ལེན་ཁྲ་འགུ་ཆོས་ཚོགས་དང་། བལ་ཡུལ་བན་ཆེན་དགོན། མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་ཁང་། སྡེ་དགེ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་། སྒ་སྐྱེ་རྒུ་དགོན་དོན་འགྲུབ་གླིང་པ། དཔལ་བཀྲ་ཤིས་ཟུར་མང་རྣམ་རྒྱལ་རྩེ་སོགས། རྒྱལ་ཕྱི་ནང་གི་ཚོགས་པ་དང་མི་སྒེར་གྱིས་ཉར་ཚགས་དང་མཆོད་འབུལ་གནངས་དང་གནང་གིན་པ་རེད། འཇམ་མགོན་ཀོང་སྤྲུལ་སྐུ་ཕྲེང་གཉིས་པ་དཔལ་ལྡན་མཁྱེན་བརྩེ་འོད་ཟེར་མཆོག་གིས་མཛད་རྣམ་ཤིང་པར་ཅན་གྱི་ནང་དུ་ལྷ་བཟོ་དེ་ཉིད་ཀྱི་འབྲེལ་ཡོད་ཞིབ་ཕྲའི་ལོ་རྒྱུས་བཀོད་ཡོད་པ་རེད། ལྷ་བཟོ་དེ་ཉིད་དཔལ་རྒྱལ་བའི་དབང་པོ་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེས་ཀརྨ་སྒར་ལུགས་ཀྱི་བརྒྱུད་པའི་བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བའི་བརྒྱུད་འཛིན་པ་རུ་ངོས་འཛིན་གནངས་ཤིང་། མ་ཟད་དེ་ཡིས་བཟོས་པའི་ཞལ་ཐང་ཀུན་ལ་རབ་གནས་མི་དགོས་པར་བསྔགས་བརྗོད་མཛད་དོ།། ཡུལ་ཤུལ་ཀརྨ་སྒར་ལུགས་ཐང་ག་སྒྱུ་རྩལ་བསྟི་གནས་ཀྱིས་དེ་ཉིད་ཀྱི་ཆེད་དུ་ཞལ་ཐང་བཀྲམས་སྟོན་བྱས་སོ།།

                                      噶玛噶智画家简介

索南尼玛,(汉译: 福德日)男,藏族,1926年 — 2000年。康•德格赞札仁钦闸噶玛噶智画派唐卡艺术会会长,囊谦公雅寺美术馆馆长,中国藏族文化艺术彩绘大观创作会噶玛噶智画派总工程师、玉树结古寺释伽牟尼佛画传如意树创作会总工程师。师从公雅寺玛郭•土旦,第十一世苏曼竹巴•曲吉尼玛,囊谦王府画家噶玛土旦等。擅长噶玛噶智画、书画。从教从艺六十七年,作品编入《THE KARMAPAS AND THEIR MAHAMUDRA FOREFATHERS 》、《中国唐卡艺术集成》、《中国藏族文化艺术彩绘大观》、《噶玛噶智画派唐卡》、《四川甘孜唐卡艺术集成》等。《释迦牟尼佛画传如意树》、《十八罗汉》、《密续十三部》、《莲师八变》、《长寿三尊》、《无量观佛》、《不动佛》、《大日如来》、《噶举派金蔓》等作品被英国创古寺佛教中心、尼泊尔班钦禅修苑、青海藏文化博物馆、德格巴邦寺、玉树结古寺、苏曼寺等国内外团体及个人收藏供奉。第二世蒋贡康楚仁波切•巴丹钦泽沃色的自传中详细介绍了其画家的生平事迹。被第十六世噶玛巴认定为具有噶玛噶智画派传承加持力的继承人,并赞誉其名画无需加持开光。玉树州尕玛尕智民族唐卡绘画艺术中心为其主办个人画展。

上一篇下一篇

猜你喜欢

热点阅读