2019-02-27

2019-02-27  本文已影响0人  祥察

          སློབ་འགོ་འཛུགས་པའི་བརྡ་ཡིག

      བརྩེ་བའི་ཁྱིམ་བདག་དང་སློབ་གྲོགས་རྣམ་པའི་སྙན་ལམ་དུ་ཞུ་རྒྱུར། སང་ཉིན་སློབ་འགོ་འཛུགས་རན་སོང་། མིང་ཐོ་འགོད་མཁན་གྱི་སློབ་མ་དང་ཁྱིམ་བདག་རྣམས་སང་ཉིན་ཆུ་ཚོད9:00སྟེང་སློབ་གྲྭ་ཡོང་ན་མིང་ཐོ་འགོད་ཐུབ། མིང་ཐོ་འགོད་པར་གྲ་སྒྲིག་བྱ་རྒྱུ་འགའ་གཤམ་གསལ།

1. སློབ་མ་སོ་སོས་རང་གི་ལས་བྱ་ཆ་ཚང་ཁྱེར་ནས་མིང་ཐོ་དགོད་དགོས། ལས་བྱ་མེད་པའམ་བྲིས་མ་ཚར་ན་མིང་ཐོ་དགོད་ས་མེད།

2. སང་ཉིན་སློབ་མ་རེ་རེས་སློབ་ལྭ་ནག་པོ་དེ་གྱོན་ཤོག 

3. སང་ཉིན་མིང་ཐོ་བཀོད་རྗེས་སྲང་བར་ཉུལ་ན་ཡང་ཕྱི་དྲོའི་ཆུ་ཚོད་6:00སྔོན་ལ་སློབ་གྲྭ་ཕྱིར་ཐོན་དགོས།

4 .སློབ་ཡོན་སྒོར100དང་ལྷན་ཐབས་སོ་ཉོ་བྱེད་སྒོར200རེད། བསྡོམ་པས་སློབ་མ་རེ་སྒོར300རེ་སྤྲད་དགོས།

5 .建档立卡ཡིན་མཁན་གྱི་ཁྱིམ་ཚང་ཡིན་ན་དེའི་ཡི་གེ་དང་བཅས་པ་འཁུར་ཡོང་དགོས། རྗེས་ཕྱོགས་སློབ་མ་ངོས་རེ་ཁེ་ཕན་དང་འབྲེལ་བ་དམ་པོ་ཡོད་རེད།

ཆེས་རྗེས་དེ་ལ་སང་ཉིན་མིང་ཐོ་འགོད་མཁན་གྱི་སློབ་གྲོགས་དང་ཁྱིམ་བདག་རྣམས་ལམ་ནང་ནས་བདེ་འཇགས་ལ་གཟབ་གཟབ་དང་བདེ་ལེགས་ངང་སློབ་གྲྭར་ཕེབས་ཡོང་བ་དགའ་བས་བསུ།

2019/2/27ལོ་རིམ་བདུན་གསུམ་འཛིན་གྲྭའི་འཛིན་བདག་གིས།

上一篇下一篇

猜你喜欢

热点阅读