ཤིས་ཚིག་པདྨོའི་འཛུམ་དཀར།

2018-08-01  本文已影响0人  帮加才仁
བསྟན་འཛིན་པདྨའི་ལང་ཚོ། །            མཐོན་མཐིང་དབྱིངས་ནས་འཛུམ་ཤོག །    དྭངས་གཙང་བྱིས་པའི་བློ་ལས། །          སྣ་འཛོམས་ཤེས་རིག་འཁྲུངས་ཤོག །                                              མགྲིན་པ་དབྱངས་ཀྱི་རྟ་རུ། །             གངས་ཀྱི་དབྱངས་གསལ་འཁོར་ཤོག །     ཙ་རི་སྨྱུག་མའི་ལུས་ལ། །                མེས་པོའི་ཁྱད་ཆོས་བསྐྱིལ་ཤོག །                                                           རྒྱལ་མཚན་གཡང་གི་གཞི་རུ། །          བཀྲ་ཤིས་མཚོ་མོ་འཁྱིལ་ཤོག །            འཛུམ་དཀར་ཉི་ཟླའི་སྐྱེས་སུ། །           རྟེན་འབྲེལ་ཁ་གཡང་གཏོང་ཡོད། །
上一篇下一篇

猜你喜欢

热点阅读