སྙན་ངག་ནི་ཅི་ཞིག་ཡིན།

2017-12-26  本文已影响0人  xiegangjie


སྙན་ངག་ནི་སེམས་ཀྱི་རྨ་ཁ་གསོ་བའི་སྨན་མཆོག་དང་།  ཕ་སྐད་ཀྱི་ལས་དབང་སྐྱོང་བའི་མ་མ་ཡིན་ནོ།།
སྙན་ངག་ནི་བསམ་གཞིག་གི་སྒྲ་དབྱངས་གཙང་མ་དང་།  མཛེས་སྡུག་གི་ཚོར་བའི་རི་མོའོ།།
སྙན་ངག་ནི་མི་ཚེའི་རིན་ཐང་འཚོལ་བའི་དཀའ་སྡུག་གི་འགྲུལ་བཞུད་རིང་མོ་དང་།  མུ་མེད་མཐའ་མེད་ཀྱི་རྨི་ལམ་རིང་མོའོ།།
སྙན་ངག་ནི་ང་ལ་ཉི་འོད་ཀྱི་དྲོད་ཁོལ་དང་ཟླ་འོད་ཀྱི་བརྩེ་བ་སྩོལ་མཁན་དེའོ།།
___བཞད་གངས་སྐྱེས་ཀྱིས།

སྙན་ངག་ནི་ཅི་ཞིག་ཡིན།

上一篇下一篇

猜你喜欢

热点阅读