༼    བཤེས་གཉེན་བསྟོད་པ་༽

2017-10-17  本文已影响0人  藏家小伙
བོད་ཕྲུག་གི་རྩོམ་རིག་ཞིང་ས་ནས་

བློ་གསལ་ཉི་བྱེད་རྟ་བདུན་དབང་པོ་མཆོག།།

ཤར་རི་གོང་གི་རྩེ་ནས་འཆར་དུས་སུ།།

མུན་པའི་ཁྲོད་ཀྱི་ཉམས་ཐག་བུ་ཕྲུག་ང་།།

ཤེས་བྱའི་བྱམས་ཀྱི་སྐྱོང་བ་དྲིན་རེ་ཆེ།།

ལྷག་བསམ་གངས་ཀྱི་རང་མདངས་དཀར་པོ་ལས།།

ཐུཊ་རྒྱུད་དྲི་མའི་མ་ལྷད་བཤེས་གཉེན་མཆོག།།

མ་འོངས་དུས་ཀྱི་རྫོཊ་ལྡན་གསར་པ་རུ།།

ནམ་ཡང་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུ།།

      གུས་བོད་ཕྲུག་འམ་སྐལ་བཟང་འབྲུག་གྲཊ་ནས་རང་ཉིད་ལ་བཀའ་དྲིན་རི་ལྟར་མཐོ་ཞིང་དུང་བ་རྒྱ་མཚོ་ལས་ཟབ་པའི་དགེ་བའི་བཤེས་གཉེན་ཆེན་པོ་ཚེ་དབང་བཀྲིས་ལ་ཐེངས་འདིར་དགེ་རྒན་དུས་ཆེན་ལ་བཀྲིས་བདེ་ལེཊ་ཞུ་བ་དང་མ་འོངས་པའི་ལོ་ཟླ་ཁྲོད་ཁྱེད་ཉིད་དང་ཁྱེད་ཉིད་ཀྱི་ནང་མི་ཚོཊ་སྐུ་ལུས་ལ་ན་ཚ་མེད་ཅིང་དགའ་བདེ་དཔལ་ལ་རོལ་བ་སྨོན།།

上一篇 下一篇

猜你喜欢

热点阅读