2017-12-12

2017-12-12  本文已影响0人  睨视
2017-12-12 ཁྱེད་དྲན་པས།           

                                འཁྲུང་སྐར་བསུ།                                                      

                              ཚོར་བྱུང་སྙན་ངག་གིས།

སྒེའུ་ཁུང་ཕྱི་རོལ་ན་ཉི་འོད་ལྡང་དུས།།

ལེན་བུ་རེ་རེ་ལ་ཚེ་སྐུད་དཀྲེས་ཡོད།།

ལོ་གཅིག་ལོ་གཉིས་དེ་མཛུབ་མོས་བགྲངས་དུས།།

ཁྱེད་ཀྱིས་འཁྲུང་སྐར་དེ་མདུན་ནས་ཚེས་སོང་།།

ལྷ་ཚོགས་མི་ཚོགས་ཀྱིས་བརྩེ་ར་ཞིག་ནས།།

དྲན་པའི་ཡིག་ཚགས་དེ་རི་ལྟར་རྩིག་ཡོད།།

འཇིག་རྟེན་འུར་འུར་གྱི་ལམ་ཁ་དེ་ནས།།

སེམས་པའི་འཆར་སོ་དེ་ཁྱེད་ཉིད་ཡིན་འདུག།

ཉི་མའི་དྲོད་འཇམ་ཀྱི་ཁ་ངོགས་དེ་ནས།།

ཁྱེད་ཀྱིས་སྐུ་པར་ལ་ཡང་ཡང་བལྟ་དུས།།

དུས་བཟང་ཚེ་བཟང་གིས་ཉེ་ཤུ་ལྔ་ལ།།

ཁྱེད་ཉིད་འཁྲུང་པ་དེ་ཁོ་བོའི་བསོད་ནམས།།

མི་ཚེ་ཧྲིལ་བོ་འདི་རྫོགས་མཐའ་མེད་ན།།

ཁྱེད་ཉིད་དྲན་པ་ལ་བཤད་ཚོད་མེད་ཀི།

རྨི་ལམ་ཐུམ་བུ་ལ་བློ་སྔས་བྱེད་དུས།།

ཁྱེད་སྐུ་མཇལ་བ་དེ་རེ་ཞིག་སྒུག་ཡོད།།

༢༠༡༧/ ༡༢  /  ༢  ཉིན་ལ་སེམས་སུ་འབབ་པའི་སྤུན་ཡ་མཆོག་ལ།

上一篇 下一篇

猜你喜欢

热点阅读