ཀ་རྩོམ་ཆུང་ཆུང་ཞིག།།
ཀ་ར་ལྟ་བུ་དྲང་བའི་གདོང་དམར་སྤུན།།
ཁ་བའི་ལྗོངས་དེ་བྱང་ཆུབ་སེམས་ཀྱི་བརྒྱན།།
ག་སར་སངས་རྒྱས་བསྟན་པ་བྱིན་གྱི་བརླབས།།
ང་ཡི་བླ་མ་དྲན་ནས་ཐུགས་རྗིས་དགོངས།།
ཅ་ག་དག་པོ་བྱས་འོས་རང་ཕ་སྐད།།
ཆ་ལུགས་མ་རྨོངས་མདོདབུས་ཁམས་ཀྱི་སྤུན།།
ཇ་རྩམ་མེད་ཀྱང་ཕ་སྐད་མེད་མི་རུང།
ཉ་གང་ཟླ་བ་འཕེལ་བཞིན་བརྩོན་པ་སྨོན།།
ཏ་ཐཱ་ག་ཏ་གང་ན་སུ་བཞུགས་ཀྱང།
ཐ་མ་དུག་དང་ཆང་སོགས་སྤངས་བ་གདམས།།
ད་ལྟ་བསོད་ཉམས་དམན་པས་མཇལ་བ་དཀའ།།
ན་རྒས་ཅོང་ཅན་ཡིད་ལ་སྐྱོ་ལྷང་ལྷང།
པ་ཏི་མེད་ན་ཇ་ཞིམ་ག་ལ་ཡོང།
ཕ་སྐད་མེད་ན་མགོ་ནག་ཇི་ལྟར་སོན།།
བ་གླང་བདག་གི་ཉམས་སུ་མ་ལོན་པས།།
མ་རིག་མུན་སེལ་སྒྲོན་མེ་བོད་ལ་ཤར།།
ཙ་ཏུར་འབྱུང་བ་འདུས་པའི་མོས་ཉིད་ལ།།
ཚ་གྲང་དམྱལ་བ་འཇིགས་པ་རབ་ཏུ་ཆེ།།
ཛ་ཡ་ཀུན་འདུས་སངས་རྒྱས་སྐྱབས་སུ་བཅོལ།།
ཝ་ལེར་ཐུགས་རྗིའི་ངང་ནས་ཁྱེད་ལ་སྨོན།།
ཞ་ལྟར་གཙུག་ལག་རིག་གནས་སློབ་ལ་གཉེར།།
ཟ་མ་བཟའ་བ་བཞིན་དུ་བརྩོན་འགྲུས་སྣང།།
འ་འུར་འདུ་འཛི་མ་གཡེང་སྤུན་ཟླ་ཚོ།།
ཡ་ང་ཕ་སྐད་ངེས་ཚོས་སྤེལ་བ་དགོངས།།
ར་སའི་གཙུག་ལག་ཁང་དང་སེ་འབྲས་དགའ།།
ལ་ཀླུང་བསྐོར་སའི་ཕ་ཡུལ་ལྷ་ས་དྲན།།
ཤ་ཚ་བྱམས་སེམས་ཅན་གྱི་ཡུམ་གྱི་བཞིན།།
ས་ཕྱོགས་གང་ན་སླེབས་ཀྱང་ཡིད་ལ་མངོན།།
ཧ་ལི་ཉོན་མོངས་དུག་ཀྱི་རྨོངས་འགྱུར་བས།།
ཧ་ཅང་རིན་བྲལ་ལང་ཚོ་ཆུ་ལ་གློས།།
ཨ་མ་འི་རེ་འདུན་ཀུན་དག་ཡིད་ལ་ངེས།།
ཨ་ཧོའི་ཐར་བའོ་གྲོང་དུ་འཁྲིད་པ་མཛོད།
上一篇
下一篇