ཤ་མོག་མོག་གིས་བྱིན་པའི་ལོངས་སྤྱོ

2021-01-06  本文已影响0人  SONAM0

གྲོགས་པོ་ཞིག་གིས་དོ་དགོང་ཤ་མོག་མོག་བཟོ་ཟེར་ནས་ས་ལྡིང་གནམ་ལྡིང་འདྲ་ཞིག་བྱེད་བཞིན་འདུག་པས། ཁོའི་ཁ་ཐོག་ལ་མི་འཇོག་རང་འཇོག་རེད་ལ། དེ་མ་ཐག་རང་ལ་ཡང་ཤ་མོག་མོག་ཟ་འདོད་སྐྱོ་བ་ཇེ་དྲག་ཏུ་བྱིན། གྲོགས་པོ་ཚོ་དང་ལྷན་དུ་གཏམ་ཀུ་རེའི་དགོད་སྒྲའི་ཀློང་ནས་ཤ་མོག་མོག་བཟོ་རྒྱུ་དེ་ནི། བདེ་སྐྱིད་མ་འདྲ་བ་ཞིག་ཡིན། ཤ་མོག་མོག་དངོས་སུ་ཟ་བའི་སྐབས་ཀྱང་མོག་མོག་བཟོ་བར་གྲ་སྒྲིག་བྱེད་པའི་གོ་རིམ་དམིགས་བསལ་དེ་ནི་རང་ལ་མཚོན་ན་ཆེས་རིན་ཐང་ལྡན་པའི་མྱོང་རོལ་བླ་མེད་ཅིག་ཏུ་མཐོང་ཡོད།  སྐབས་དེར་ཕན་ཚུན་ལ་ཕྱེ་བརྡ་བའི་རྩལ་བསྡུར་བ་དང་དང་སུ་ཡིས་མོག་མོག་བཟོས་པ་ལེགས་མིན་འགྲན་པ་སོགས་ཀྱི་གོ་རིམ་མང་བོ་ཡོད། དེ་དག་གི་ཆ་ཤས་རེ་རེ་ནི་དོན་དངོས་ཀྱི་མོག་མོག་བཟོས་པ་པ་བྱུང་བའི་འཚོ་བའི་བདེ་སྐྱིད་ཡིན། ལོངས་སྤྱོད་མ་འདྲ་བ་དེའི་རིགས་ཀྱིས་གྲོགས་པོའི་མཛའ་བརྩེ་ཡང་དམ་དུ་སྦྲེལ་ནུས་པས། མོག་མོག་བཟོ་བའི་གོ་སྐབས་རེ་རེ་སྣང་མེད་དུ་གཏོང་ག་ལ་རུང་།

上一篇下一篇

猜你喜欢

热点阅读