ཐེངས་འདིའི་སྤྱི་ཁྱབ་འགན་འཛིན་པའི
སྐབས་བདུན་པའི་རྡུང་ལེན་འགྲན་ཚོགས་ཆེན་མོ་འདིའི་གསེར་གྱི་རྟགས་མ་གཞན་གཅིག་ནི་དྲྭ་ལམ་བརྒྱུད་དེ་འདེམ་ཤོག་འཕེན་དགོས་ཞེས་པའི་འཆར་འགོད་དེ་ཧ་ལས་པ་ཡག་པོ་འདུག བྱེད་ཐབས་ངོ་མཚར་བ་འདི་གཅིག་པོས་ཁ་སང་དེ་རིང་གི་བསམ་བློའི་འཐེན་འཁྱེར་འདྲ་མིན་དང་ཆོལ་གསུམ་རེས་སུ་གཅོད་པ་ལ་སོགས་པའི་དྲྭ་ལམ་གྱི་རྩོད་ཉོག་ཐམས་ཅད་རེ་ཞིག་ཞི་འཇམ་དུ་བཏང་སོང་། བཏང་སྙོམས་སུ་བསྒྱུར་འདུག མི་ལ་དགོས་པ་ནི་བློ་ཟེར་བ་ཡང་འདི་འདྲ་ཞིག་ལོས་ཡིན་བསམ། དེ་ནི་སྒྲ་བརྙན་བཀྲ་ཤིས་རྒྱལ་བོ་གཞན་ཞིག་ནི་མི་བུ་སྒེར་གང་ཞིག་དང་ཚོགས་སྡེ་གང་རུང་བ་ཞིག་གི་སྒེར་གཅོད་ལ་བལྟས་པ་མེད་པར་དམངས་གཙོའི་ལམ་ནས་འོས་ཤོག་གིས་ཁ་གྲག་རྒྱུ་ཡིན་འདུག་ན། འདི་ལས་ལྷག་པའི་གཏམ་བཟང་དང་དགའ་འོས་པའི་དོན་ཞིག་ལར་ནས་མེད་དོ།། ཐབས་རྩལ་འདིས་ནི་བོད་ཁམས་ཡོངས་ཀྱི་ལྟད་མོ་བ་རྣམ་པའི་རྡུང་ལེན་ལ་བཟུང་བའི་རྣམ་འགྱུར་དང་རྡུང་ལེན་རིག་གནས་ཀྱི་བསམ་བློའི་ཆུ་ཚད་ག་འདྲ་ཞིག་ལ་སླེབས་ཡོད་མེད་ཀྱང་གསལ་བར་ར་སྤྲོད་བྱ་ངེས་ན། ད་དུང་ངོ་མཚར་བའི་ལྟད་མོ་སྣ་ཚོགས་རྗེས་ནས་བཤམས་ངེས་སོ།། ཐག་གཅོད་ཁྱད་མཚར་བ་དེ་ལ་གཞིགས་ན་ཐེངས་འདིའི་སྤྱི་ཁྱབ་འགན་འཛིན་པ་དེ་ནི། མི་འཆར་སྒོ་ཡངས་ཤིང་ཐབས་མཁས་ཤིག་ཡིན་པ་རྗེས་སུ་དཔོག་ནུས་པས། ཁོ་འདྲ་བ་ཚོའི་ངོ་སོ་བསྟོད། གནད་འགག་གི་སྐབས་འདིར་དེ་འདྲའི་ནད་བརྒྱ་སྨན་གཅིག་ལྟ་བུའི་ཐབས་མཆོག་དྲན་རྒྱུ་ནི། ལས་སླ་བོ་རང་གཏན་ནས་ཡོད་ས་མ་རེད། [呲牙]