2018-09-11

2018-09-11  本文已影响0人  garTsegyal

མ་བྲིས་སེམས་ཀྱི་རི་མོ་ཁྱོད་ལ་ཕབ།།
དམར་ཆུང་ཁོག་གི་འདང་བརྩེ་ཁྱོད་ལ་བསྟན།།
འགྱུར་མེད་ཚིག་གི་སྙིང་གཏམ་ཁྱོད་ལ་བཤད།།
ཚེ་གཅིག་ལས་ཀྱི་གཏན་གྲོགས་ཁྱོད་ལ་བཅོལ།།


དུང་སེམས་འོ་མའི་མཚོ་མདངས་དཀར་པོ་ཡིན།།
ཞེ་འདང་རྡོ་རྗེ་མདུད་པ་བཤིག་མེད་དམ།།
སྙིང་གཏམ་བདུད་རྩིའི་ཆབ་རྒྱུན་བར་མེད་བཞུར།།
བརྩེ་བའི་མཛའ་གྲོགས་སྙིང་གི་ཕྱེད་དུ་གྱུར།།


སྐྱིད་ན་སྤྲོ་དགའི་གླུ་ཆུང་མཉམ་དུ་ལེན།།
སྡུག་ན་སྐྱོ་བའི་ཁུར་པོ་མཉམ་དུ་འཁུར།།
སྐྱིད་སྡུག་མཉམ་དུ་མྱོང་སའི་འཇིག་རྟེན་འདིར།།
ང་དང་ཁྱོད་ཀྱི་ལས་དབང་གཅིག་ཏུ་བབས།།


གཏམ་དང་མྱི་ཁའི་བར་ཆད་རྒོད་ན་ཡང་།།
སེམས་དང་སེམས་པའི་བར་ཐག་དར་གྱིས་སྦྲེལ།།
ཁ་དང་ཁོག་པའི་སྣང་བ་གཅིག་ཏུ་མཐུན།།
མི་འགྱུར་ཚིག་གི་དམ་བཅའ་བྲག་ལ་བཏབ།།

上一篇下一篇

猜你喜欢

热点阅读