རྣམ་གཡེང་གི་རྟ་ཁ་མ་ཐུབ་པ།

2020-12-12  本文已影响0人  SONAM0

མི་དགོས་ས་ནས་སྔོན་ཏག་ཏག་ལ་ཐད་གཏོང་ཞིག་གི་ནང་ལ་ཅི་ཡིན་འདི་ཡིན་མེད་པར་འཛུལ་བས་དེའི་ནང་དུ་ཚོང་རྒྱག་བཞིན་པའི་རྣམ་པ་དང་གཞན་སེམས་འགུག་བྱེད་ཀྱི་ལྟད་མོ་སྣ་ཚོགས་འཁྲབ་ཀྱིན་པ་དེ་ལ། ཧེད་དེ་དུས་ཚོད་གཅིག་གཉིས་ཤིག་དོན་མེད་དུ་རླུང་ལ་སྤུར་སོང་། ཐད་གཏོང་བ་དེ་ཚོས་བསམ་བཞིན་དུ་འཁྲབ་སྟོན་བྱེད་ཀྱིན་པ་ཤེས་ནའང་ང་དང་འདྲ་བའི་མི་བུ་སྟོང་ཕྲག་དུ་མ་ཁོ་ཚོའི་བསླུ་བྲིད་ཀྱི་དབང་དུ་ཤོར་ཚར་འདུག་ན། དེ་ནི་ཡིད་རེ་སྐྱོ་བའི་གནས་རང་ངོ་།། ངས་ནི་བལྟས་པ་ཙམ་ལས་ཁོ་ཚོའི་ཚོང་རྫས་རྐང་གཅིག་ཉོས་མ་མྱོང་ཡང་རོང་འབྲོག་མང་ཚོགས་གང་མང་ཞིག་གིས་དྲྭ་དཔོན་དེའི་ཚོའི་ཚོང་བཤད་རྫ་ནེ་རྫུན་དེ་དག་ལ་ཡིད་ཆེས་བྱེད་རྐྱང་བྱས་ཏེ། ཕྱིར་བལྟས་མེད་པར་ཅ་ལག་ཉག་ཉོག་དེ་དག་ཉོ་བཞིན་པ་མཐོང་ན་སེམས་རྩ་འཁྱག་ཡོང་། སུ་ཡིན་ཡང་གོང་ཆུང་གི་ཕྱོགས་སུ་རྒྱུག་པ་དེ་ཚང་མའི་སྤྱི་མཐུན་གྱི་གཤིས་ཀ་རང་ཡིན་མོད། དྲྭ་དཔོན་ཚོས་ཕྱི་ཤུན་མཛེས་ལ་རིན་གོང་ཆུང་བའི་དངོས་པོ་འདྲ་མིན་འཆར་ངོས་བསྟན་ཏེ། རོང་འབྲོག་མང་ཚོགས་དག་ནི་ཁོ་ཚོའི་དཔལ་འབྱོར་གཡོ་ལེན་བྱ་ཞིང་ས་ཆེན་པོ་ཞིག་ཏུ་བསྒྱུར་བཞིན་པ་དེ་ཅུང་དཟོད་དཀའ་བའི་སྣང་ཚུལ་རང་ངོ་།།

上一篇 下一篇

猜你喜欢

热点阅读