ངོ་མཚར་ཆེ།

2017-12-14  本文已影响0人  duo才

                              ངོ་མཚར་ཆེ།

མཐོ་གསུམ་འཛིན་གྲྭ་གསུམ་པའི།།

འཛིན་བདག་མཆོག་བྱམས་ལགས་ཀྱིས།།

འཛིན་སྲོལ་གང་མང་བཟོས་ནས།།

ཡ་རབས་སྤྱོད་བཟང་ཁྲིད་པ།།

ཨོ་་་་་ངོ་མཚར་ཆེ།

མཐོ་གསུམ་འཛིན་གྲྭ་གསུམ་པའི།།

དགེ་རྒན་ཚེ་གཟུངས་གཙོ་བའི།།

བསླབ་བྱའི་དགེ་རྒན་རྣམས་པས།།

རིག་པ་བློ་ངོར་བཞག་པ།།

ཨོ་་་་་་ངོ་མཚར་ཆེ།

མཐོ་གསུམ་འཛིན་གྲྭ་གསུམ་པའི།།

སྙིང་ཉེའི་སྤུན་མཆེད་ཚང་མས།།

མི་ལོ་གསུམ་གྱི་ནང་ལ།།

མཐུན་སྒྲིལ་དཔུང་བ་གཤིབ་པ།།

ཨོ་་་་་ངོ་མཚར་ཆེ།

                           

ངོ་མཚར་ཆེ།
上一篇 下一篇

猜你喜欢

热点阅读