༊  གངས་དཀར་སྒྲོལ་མ་གླེང་བ།

2015-09-26  本文已影响0人  4e17517fa1ea
བོད་ཁྲག་དེས །

ཞལ་རས་དཀར་གསལ་བཅོ་ལྔའི་དུང་ཟླ།།

སྐྱེ་གཟུགས་དྲང་མོ་ཚིགས་དྲུག་སྨྱུག་མ།།

ནག་སྣུམ་སྐྲ་ལོ་རྒྱ་ལྕང་ལོ་མ།།

གངས་དཀར་སྒྲོལ་མ་མོ་བརྒྱའི་དྭངས་རྩེ།།

མཛེས་དང་མི་མཛེས་མིག་གིས་ལྟ་ཆོག།

སྙན་དང་མི་སྙན་རྣ་བས་ཉན་ཆོག།

གཤིས་འཇམ་བབ་ཆགས་ངང་རྒྱུད་བཟང་བོ།།

གངས་དཀར་སྒྲོལ་མའི་རྒྱན་གྱི་མཆོག་ཡིན།།

མཛངས་མའི་ཡོན་ཏན་ལྡན་ཞེས་མི་སྤོབས།།

མཛེས་མའི་སྒེག་ཉམས་ལྡན་པ་མངོན་གསལ།།

འུར་བསྟོད་ཚིག་གི་ཕྲེང་བ་མི་སྤེལ།།

དོན་ལྡན་གཏམ་གྱི་བརྗོད་བྱ་ཁྱོད་ཡིན།།

སུ་ཡིན་འགྲོགས་པའི་བྱ་སྤྱོད་ཟེད་པོ།།

མི་སེམས་ནག་ཐིག་བཟོ་བྱེད་ཡིན་པས།།

རིང་ནས་འདྲིས་པའི་ཕྱི་ཐག་བརྟན་པོ།།

གངས་དཀར་སྒྲོལ་མའི་རྒྱན་ཆར་རློམ་ཡོད།།

གངས་དཀར་སྒྲོལ་མ་གླེང་བའི་ལེའུ།།

སྙན་ངག་མཁན་པོའི་སེམས་ཚོར་མིན་ཏེ།།

ཤོག་སྙུག་བརླག་པར་དགའ་བའི་བདག་གིས།།

དེ་རིང་གཏམ་གྱི་གླེང་གཞི་ཁྱོད་ཡིན།།

上一篇 下一篇

猜你喜欢

热点阅读