珠巴老上師生世摄授祈祷文

2017-06-27  本文已影响0人  白瑪延畔
珠巴老上師生世摄授祈祷文

༄༅། ། ཚེ་རབས་རྗེས་འཛིན་གྱི་གསོལ་འདེབས་བཞུགས།

        《生世摄授祈祷文》

རྨད་བྱུང་ཐུབ༷་བསྟ༷ན་སྙིང་པོ་མདོ་དང་སྔགས།།

无上释教精髓显密乘,

བཤ༷ད་སྒྲུ༷བ་ལུང་དང་རྟོགས་པའི་བསམ་འཕེལ་དབང་།།

讲修教证自在斯如意,

སྨིན་གྲོལ་རིམ་གཉིས་ཆོས་ཀྱི་མཛོད་འཛིན་པ།།

成熟解脱法藏持有者,

བསྟ༷ན་པ༷འི་ཉི༷་མ༷་མཆོག་ལ་གསོལ་བ་འདེབས།།

持教太阳贤者前祈请。

གང་ཁྱེད་ཞི་བར་གཟིམས་པའི་ཚུལ་བསྟན་ཀྱང་།།

虽现清净涅磐之显相,

བརྩེ་ཆེན་ཐུགས་རྗེས་བདག་སོགས་གདུལ་བྱའི་འགྲོ།།

大慈悲悯我等所化众,

ཡལ་བར་མི་འདོར་བྱིན་རླབས་བདུད་རྩིའི་རྒྱུན།།

隐匿不舍加持甘露续,

འབྲལ་མེད་སྙིང་གི་བཅུད་དུ་རྟག་པར་སྩོལ།།

不离心髓中之常润赐。

དབང་བཞིས་རྒྱུད་སྨིན་སྒྲིབ་བཞི་ཡངས་དག་སྟེ།།

四灌圆熟相续净四障,

རིག་འཛིན་རྣམ་བཞིའི་མྱུར་ལམ་ལ་བརྟེན་ནས།།

依止持明四种速疾道,

སྐུ་བཞིའི་འབྲས་སྨིན་ཡེ་ཤེས་བླ་མའི་སར།།

四身果熟遍智上师地,

ཚེ་འདི་ཉིད་ལ་མངོན་འཚང་རྒྱ་བར་མཛོད།།

现世即身证得正等觉。

མི་བཟད་སྙིགས་ལྔས་གཟིར་བའི་ཉམ་ཐག་འགྲོ།།

拯救难忍浊世可悯众,

སྐྱོབ་ལ་བསྟན་འགྲོའི་རྒུད་པ་སེལ་བའི་གཉེན།།

解除教运衰竭回春者,

གང་འདུལ་རྨད་བྱུང་སྤྲུལ་པའི་ཟློས་གར་གྱི།།

所化有情希有妙身戏,

ཡ་མཚན་ཟླ་བྲལ་རྣམ་ཐར་གསར་པས་སྐྱོངས།།

重撰神奇无二新传记。

མདོར་ན་སྐྱེ་ཀུན་ཁྱེད་ཀྱིས་རྗེས་བཟུང་ཞིང་།།

总说汝尊摄授诸有情,

ཐུགས་ཡིད་དབྱེར་མེད་བརྗོད་བྲལ་ཀ་དག་ཀློང་།།

心意无别离言本净界,

ཡེ་གྲོལ་དོན་དམ་གདོད་མའི་རྒྱལ་ས་ཆེར།།

本解胜义原始佛国境,

ཀུན་བཟང་ཆོས་སྐུའི་བླ་མར་རོ་གཅིག་ཤོག།

法身普贤上师愿同等。

ཅེས་རབ་གནས་མེ་སྤྲེལ་ལོའི་སྤྲེལ་ཟླའི་ཡར་ཚེས་ནང་༧སྐྱབས་རྗེ་རྫོགས་ཆེན་འབྲུག་པ་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཕྱིར་ཉིན་གྱི་ཐོར་ཐུན་ལ་ཡིད་སེམས་བློང་པོར་གྱུར་བའི་གདུང་ཡུས་དང་བཅས་བས་མཐའི་རི་ཁུལ་དུ་བསྟི་བའི་གྱི་ན་བ་པདྨ་སྐལ་བཟང་དེས་བྲིས། །

此乃猴年猴月上弦日,怙主佐钦珠巴仁波切,意境融入法界之后日,黎明早座纷起之心绪,被诸沮丧悲伤刀绞中……安憩于环山之平庸者白玛格桑墨笔。

———2016.8.18譯於佐欽布瑪林閉關中心

上一篇 下一篇

猜你喜欢

热点阅读