གངས་འདི་ནི་ང་ཡི་ཕ་ཡུལ་རེད།

2022-09-03  本文已影响0人  村长Dhorjeh


ནམ་མཁའ་ཡར་ལ་གཟིགས་དང་།
ཀུན་གསལ་གྱི་ཟླ་བ་མཛེས།
སྐར་ཚོགས་མང་པོ་མཐའ་ནས་བསྐོར།
གངས་འདི་ནི་ང་ཡི་ཕ་ཡུལ་རེད།

གངས་རི་དཀར་པོ་སྤྲིན་ལྟར་མཛེས།
རྗེ་ཇོ་བོར་ཁ་བཏགས་ཕུལ་འདྲ་རེད།
བོད་ཁ་བ་ཅན་གྱི་མཐའ་ནས་བསྐོར།
གངས་འདི་ནི་ང་ཡི་ཕ་ཡུལ་རེད།

རྨ་ཀླུང་དལ་འགྲོ་རིང་མོ།
འཛམ་གླིང་གི་ཆུ་རྒྱུན་རེད།
བོད་གདོང་དམར་ཅན་གྱི་མཐའ་ནས་བསྐོར།
གངས་འདི་ནི་ང་ཡི་ཕ་ཡུལ་རེད།

上一篇下一篇

猜你喜欢

热点阅读