2017-10-17

2017-10-17  本文已影响0人  藏家小伙
བོད་ཕྲུག་གི་འབྲི་ཤོག།།

བུ་ངའི་དམར་ཆུང་སེམས་པ།།

ནག་པོ་བདུད་ཀྱིས་ཟིན་སོང།།

བཙན་གྲཊ་བདུད་རྒྱལ་ཟེར་བ།།

ང་ལ་རང་དབང་གནང་དང།།

ཁ་སང་ནོར་བུ་ཟེར་བཞིན།།

དེ་རིང་རྒྱུས་མེད་གྱུར་སོང།།

རྒྱུས་མེད་ཡིན་པ་ཤེས་དུས།།

སྙིང་ལ་དུག་མདའ་ཕོག་སོང།།

སྙིང་གྲོཊ་སྙིང་གྲོཊ་ཟེར་བཞིན།།

དེ་རིང་དགྲ་བོ་འགྱུར་སོང་།།

མ་འོངས་མ་འོངས་ཟེར་བཞིན།།

དེ་རིང་འཇུག་ནི་རྫོཊ་སོང།།

འཇིག་རྟེན་མིའི་སེམས་པ།།

བསམ་ན་ཕོད་པ་མི་འདུག།།

ཁ་སང་འགྱུར་མེད་ཟེར་བཞིན།།

དེ་རིང་འགྱུར་ཡོད་གྱུར་སོང།།

སྙིང་སྡུག་ཡིད་ཀྱི་མེ་ཏོག།།

བུ་ངའི་སྙིང་ཤ་བཏུབ་སོང།།

སྙིང་ཁྲག་བོར་ཤིང་བོར་ཤིང།།

ང་ལ་རྩོད་པ་རྒྱཊ་གི།།

རང་སེམས་ནང་གི་གཙོ་བོ།།

བྱམས་པ་ཁྱེད་ལ་སྟེར་ཡོད།།

བྱམས་པ་ཡིད་ཐག་ཆད་པའི།།

ང་དང་བྲལ་དགོས་བྱུང་སོང།།

རེ་བ་བཅངས་བཞིན་བཅངས་བཞིན།།

ཁྱེད་དང་མི་ཚེ་བསྐྱལ་འདོད།།

ཡིད་སེམས་ནང་གི་གཙོ་བོ།།

ཁྱེད་ཉིད་གཞན་པ་སུ་ཡོད།།

དགའ་བ་སེམས་ཀྱི་སྙིང་གཏམ།།

བུ་མོ་ཁྱེད་ལ་བཤད་ཡོད།།

གསང་བ་སེམས་ཀྱི་སྒོ་བཅག།།

སྙིང་གྲོཊ་ཁྱེད་ལ་ཕྱེ་ཡོད།།

དུང་སེམས་འོ་མའི་རྒྱ་མཚོ།།

དཀོན་མཆོག་ལྷ་ཡི་མཁྱེན་ཤིག།

བློ་གཅིག་སེམས་ཀྱི་དམ་བཅའ།།

དུས་ཀྱི་དབང་གི་ཤེས་ཡོང།།

ཉིན་མཚན་དབྱེ་བ་མེད་པ།།

ཁྱེད་ཉིད་དྲན་ནས་བསྡད་ཡོད།།

ཁྱེད་ཉིད་དྲན་པའི་དཀའ་སྡུག།།

ཁྱེད་ཀྱིས་ཤེས་ཀྱི་ཨི་ཡོད།།

དགའ་བ་དགའ་བ་ཟེར་བཞིན།།

སྙིང་ལ་རྨ་ཁ་བཟོས་ན།།

ཁྱེད་ལ་བརྩེ་བའི་སྙིང་དེ།།

དོན་གྱི་དབང་གིས་གས་འགྲོ།།

མི་འགྱུར་ཟེར་བའི་ཚིག་དེ།།

ཉན་ན་རྣ་བ་སྤྲོ་སོང།།

དྲན་གི་ཟེར་བའི་ཚིག་དེ།།

གོ་ན་སེམས་པ་སྤྲོ་སོང།།

སྙིང་གཏམ་གཅིག་བཤད་གཉིས་བཤད།།

ཡིད་ཆེས་གཅིག་མེད་གཉིས་མེད་།།

བཞག་པའི་དམ་བཅའ་རིང་མོ་།།

མི་ཚེ་ཟད་རོཊ་ཡིན་སོང།།

འཕྲིན་ཐུང་གཅིག་བསྐུར་གཉིས་བསྐུར།།

འཕྲིན་ལན་གོ་བ་ཙམ་གྱིས།།

མི་འདོད་སེམས་ཀྱི་ཞིང་ས།།

དུག་གྲི་སྙིང་ལ་ཟུག་སོང།།

ཁྱེད་ལ་བཅངས་བའི་བརྩེ་བ།།

སྙིང་ཁྲག་དམར་པོ་གཏོར་ཡོད།།

རྩ་བའི་བླ་མ་མ་གཏོཊ།།

སུ་ཡིས་ཤེས་པ་ཡོད་སྲིད།།

                    བོད་ཕྲུག་ནས།།

上一篇 下一篇

猜你喜欢

热点阅读