༊ གཏམ་རྒྱུད་ཞིག་གི་གླེང་གཞི།

2015-09-09  本文已影响0人  藏血
བོད་ཁྲག་དེས།

ཞལ་རས་དཀར་དཀར་ལ་ཡིད་སེམས་མ་འཁོར།།

མཁུར་ཚོས་དམར་དམར་ལ་སེམས་ཆགས་མ་ལུས།།

ཚུལ་མཐུན་བབས་ཆགས་ཀྱི་གཤིས་ཀ་དེ་ལ།།

མི་ཚེའི་བདེ་སྐྱིད་ཀྱི་འཚོ་བ་བཅོལ་ཡོད།།

སྐྲ་ལོ་ནག་ནག་ལ་མིག་ཟུང་མ་ཤོར།།

གསུང་དབྱངས་སྙན་སྙན་ལ་རྣ་བ་མ་གཏད།།

བཅོས་མས་མ་ལྷད་པའི་འཛུམ་མདངས་དེ་ཉིད།།

གསེར་སྲང་སྟོང་ཕྲག་གི་རིན་ཐང་སྒོམ་ཡོད།།

མིག་ཟུང་གོར་གོར་ལ་ཟུར་མདའ་འཕངས་མེད།།

སྐུ་གཟུགས་ལྡེམ་ལྡེམ་ལ་སེམས་པ་ཐོགས་མེད།།

ཁ་ཁོག་གཉིས་མེད་ཀྱི་ངང་རྒྱུད་དྲང་མོ།།

རང་སེམས་གཙང་མ་འདི་གཏད་སར་རློམ་ཡོད།།

上一篇下一篇

猜你喜欢

热点阅读