རྒྱ་མོ་ཞིག་གིས་བོད་ལ་ཤ་ཚ་ནས་སྐད་
བོད་ལ་རྒྱ་མོ་ཞིག་གིས་སྐད་སྐུར་བ།
དཔལ་ཆེན་གྲགས་པ།ཉམ་ང་བའི་བོད་པ་ཚང་ལ་གསལ་བཤད་བྱེད་རྒྱུ་ཞིག་ལ།ང་ནི་བོད་སྐད་ཡིག་ལ་དུང་ཞེན་ཆེ་བའི་རྒྱ་མི་ཤ་སྟག་ཅིག་ཡིན། ངས་འཕྲིན་ཡིག་འདི་འབྲི་བ་ལ་དམིགས་ཡུལ་གཅིག་ལས་མེད་དེ། དེ་ནི་ངའི་རེ་བ་ཡིན་ན་ཁྱེད་ཚོས་རང་རིགས་ཀྱི་སྐད་དང་ཡི་གེ་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་དེ་ཡིན།
ལོ་འདི་དག་ལ་རྒྱལ་ཁབ་ཀྱི་བོད་སྡོད་ས་ཁུལ་དག་ལ་རོགས་སྐྱོར་བྱས་པས་དབང་གིས་བོད་གནས་ཞིང་ཆེན་ལྔའི་དཔལ་འབྱོར་དངོས་མཐོང་ལག་ཟིན་མགྱོགས་མྱུར་གྱི་ངང་ནས་འཕེལ་རྒྱས་ཡག་པོ་ཐོབ་པ་དང་ལྷན་དུ་ཁྱོད་ཚོའི་འཚོ་བའི་ཆ་རྐྱེན་ཡང་ཇེ་ལེགས་སུ་སོང་ཡོད།
འོན་ཀྱང་། འཕེལ་རྒྱས་དེས་རིགས་ཀྱི་ཁྱེད་ཚོ་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཞིག་སྤྲད་བྱུང་། དཔེར་ན་ཁྱོད་ཚོས་ཁྲོད་ཀྱི་མི་འགའ་ཞིག་རྒྱ་འགྱུར་གྱི་ཚབས་ཧ་ཅང་ཆེ།
ངས་ཤེས་པ་ལྟར་ན་དེང་སང་མི་མང་པོ་ཞིག་གི་བོད་སྐད་བཤད་མི་ཤེས་པ་དང་བོད་ཡིག་ཀློག་མི་ཤེས་པ། ལྷག་པར་ཏུ་བོད་གོས་དང་བོད་ཀྱི་རྒྱན་ཆ་སོགས་ལ་མཐོང་ཆུང་བྱེད་པ་མ་ཟད་རང་རིགས་ཀྱི་སྲོལ་རྒྱུན་རིགས་གནས་འདོར་མཁན་ཡང་ཡོད་འདུགལྷར་པར་དུ་གཞོན་རབས་ཚོས་ཁྲོད་ཀྱི་མི་འགའ་ཞིག་གི་རང་བོད་པ་མིན་མདོག་བྱེད་ཀྱིན་འདུག
མགྲིན་པའི་སྟེང་གི་དམར་ཐིག་དེ་མ་གཏོགས་རྒྱ་མི་དང་ཁྱད་པར་ཅི་ཡང་མི་འདུགདེ་ལ་ངའི་སེམས་པ་སྡུག་གི་ཁེངས་སོང་། བོད་སྐད་བཤད་མ་ཤེས་ན་ཁྱོད་བོད་ཡིན་ནམ།
དེང་སང་བོད་སྐད་ཡིག་རྒྱལ་ཁབ་གལ་ཆེན་སྦྱང་ཚན་གྱི་ཁོངས་སུ་འཇོག་གི་ཡོད་པ་མ་ཟད་བོད་ཁུལ་གྱི་རིགས་ཞེན་ཅན་མང་པོ་ཞིག་གིས་སྐད་ཡིག་ལ་སློབ་སྦྱོང་བྱེད་དགོས་ཞེས་འབོད་སྐུལ་བྱེད་བཞིན་ཡོད་ནའང་། ཁྱོད་ཚོའི་ཁྲོད་ཀྱི་མི་འགའ་ཞིག་གི་དེ་སྣང་མེད་དུ་གཞག་འདུག ཐོན་མིའི་བོད་ཡིག་གསར་བཟོ་བྱེས་པའི་ལོ་རྒྱུས་ཏེ་ཁྱེད་ཚོས་བརྗེད་སོང་བ་ཡིན་ནམ།
ལོ་ངོ་གཅིག་སྟོང་གི་ཡར་སྔོན་ལ་ཐོན་མི་དང་གཞན་གཞོན་པ་བཅུ་དྲུག་སྲོང་བཙན་སྒམ་པོས་བཀའ་ལྟར་བོད་ཡིག་གསར་བཟོའི་ཆེད་དུ་རྒྱ་གར་ལ་བྱོན། ཁོང་ཚོ་དུས་རྒྱུན་མཁའ་དབུགས་ཧ་ཅང་སྲབ་སའི་མཐོ་སྒང་ནས་འཚོ་སྡོད་བྱས་པའི་རྐྱེན་གྱིས་རྒྱ་གར་གྱི་གནམ་གཤིས་མ་འཕྲོད་ནས་ཐོན་མི་མ་གཏོགས་གཞན་ཚང་མའི་ཚེ་སྲོག་རྟ་རྔ་འདྲ་བོ་གཞན་ཡུལ་ནས་ཤོར་དགོས་བྱུང་།
ཅུང་ཙམ་མ་གཏོགས་ཐོན་མའི་ཚེ་སྲོག་ཡང་ཤོར་སོང་། ཡིན་ནའང་ཐོན་མས་རྒྱུན་འཁྱོངས་བྱེད་ཐུབ་སོང་། ཁོང་གིས་རྒྱ་གར་ནས་ལོ་མང་པོ་ཞིག་ལ་སློབ་སྦྱོང་བྱས་ཏེ་གྲུབ་འབྲས་ཡག་པོ་ཐོབ་ནས་ཕྱིར་བོད་ལ་ལོག་རྗེས་སྲོང་བཙན་སྒམ་པོའི་ཁོང་ལ་ཕ་བོང་ཁ་ནས་བོད་ཡིག་གསར་བཟོ་བྱེད་ཏུ་བཅུག
ཁོང་གིས་རྒྱ་གར་གྱི་ཡི་གེ་ལ་དཔེ་བལྟས་ནས་དབྱངས་གསལ་སོ་བཞི་གསར་བཟོ་བྱས་པ་མ་ཟད་བོད་ཀྱི་བརྡ་སྤྲོད་རིག་གནས་གཏན་ལ་ཕབས། ཁོང་གིས་ལོ་ངོ་བདུན་གྱི་ནང་ནས་བོད་ཡིག་གསར་བཟོ་བྱས་རྗེས་ཐུ་བྷོད་ཚང་གི་དེ་ལ་སྦྱང་བ་བྱས་ནས་ད་ལྟའི་བར་དུ་གནས་སོང་།
ཐོན་མས་ལོ་ངོ་བདུན་གྱི་རིང་ལ་གསར་བཟོ་བྱས་པའི་བོད་ཡིག་དེ་དེང་སང་བཀོལ་མཁན་ཇེ་ཉུང་ནས་ཇེ་ཉུང་སུ་འགྱུར་བཞིན་ཡོད་པས། ཁྱེད་ཚོས་སེམས་ནས་བཟོད་དམ།ངའི་བོད་ཡིག་གི་ལས་དབང་ནི་མི་ཉག་གི་ཡིག་གེ་དང་མན་ཇུའི་ཡི་གེ་ལྟར་དངོས་མང་བཤམས་སྟོན་ཁང་གི་ནང་ནས་ད་བཟོད་མཐོང་ཐུབ་པའི་བྱ་དངོས་སུ་འགྱུར་ན་མི་འདོད།
དེ་མིན་མ་འོངས་པའི་ཉིན་ཞིག་ལ་རྒན་པོ་ཞིག་གིས་རང་གི་ཚ་བོ་ལ་བོད་ཡིག་བསྟན་ནས་འདི་ནི་སྔོན་ཡབ་མེས་ཚོས་བཀོལ་མྱོང་བའི་ཡི་གེ་རེད་ཟེར་དགོས་མ་ཐུག་ན་འདོད་ཀྱིན་ཡོད།
མན་ཇུ་བ་ཡོད་ཚད་ཕལ་ཆེར་རྒྱ་མི་ལ་འགྱུར་ཚར་འདུག་ངས་ཁྱེད་བོད་པ་ཚང་རྒྱ་མི་ལ་འགྱུར་བ་མཐོང་ན་མི་འདོད་པ་མ་ཟད་བོད་ཡིག་ཡང་ས་སྟེང་འདི་ནས་ཡལ་ན་མི་འདོད། ཐོན་མའི་དག་ཞིང་ནས་རང་རིགས་ཀྱི་བོད་ཡིག་བཀོལ་སྤྱོད་བྱེད་ཀྱིན་མེད་པ་ཤེས་རྗེས་ཁོང་གི་ཅི་ལྟར་སེམས་སྡུག་བྱེད་པ་སོགས་དྲན་མི་ཕོད་ཁུ།
འདི་དག་ཁྱེད་ཚོས་བསྒྲུབ་མི་ཐུབ་བམ།
༡ ཁྱེད་ཅག་ཚོས་ཉིན་རེར་དུས་ཚོད་ཞིག་གཏན་འཁེལ་བྱས་ནས་བོད་ཡིག་ལ་སྦྱོང་བ་བྱ་རོགས།སྐར་མ་བཅུ་ཡིན་ན་ཡང་ཆོག
༢ ཚང་མ་མ་ཤེས་ན་ཡང་ཆོག ཁྱེད་ཅག་ཚོས་ཕ་སྐད་བཀོལ་རོགས།
༣ བོད་ལྭ་གྱོན་རོགས། དུས་ཆེན་སོགས་ཀྱི་སྐབས་སུ་ཡིན་ན་ཡང་ཆོག
༤ གངས་ཕྲུག་ཚོས་ཕྱིར་གངས་རིའི་ལྗོངས་ལ་བོད་ཡིག་གི་འཕྲིན་ཡིག་རེ་བསྐུར་རོགས།
༥ ཕ་མ་ཚོས་ངེས་པར་དུ་རང་གི་བྱིས་པ་ལ་བོད་ཡིག་སྦྱང་དུ་ཆུགས།
༦ ཀུ་ཤུ་ཁ་པར་ཡོད་མཁན་ཚོས་རང་འགུལ་གྱི་བོད་ཡིག་གི་ཐོག་ལ་ཞོག
༧ དུས་ཚོད་ཡོད་དུས་བོད་གླུ་ལ་ཉོན།བོད་ཡིག་ཀློག ད་དུང་བོད་སྐད་ཀྱི་ལེ་ཚན་སོགས་ལ་ལྟོས།
༨ རང་རིགས་ཀྱི་སྲོལ་རྒྱུན་སྲུང་འཛིན་བྱོས།ཡོད་ཚད་ང་ཚོ་རྒྱ་མི་ལ་མ་སློབ་རོགས།
ང་ནི་རྒྱ་རིགས་བུ་མོ་ཞིག་ཡིན་རིག་གནས་ཀྱི་ཆུ་ཚད་ཧ་ཅང་དམན་པས། གལ་སྲིད་མི་འགྲིག་ས་ཡོད་ན་ནོར་བཅོས་བྱ་རོགས་མ་གཏོགས་མི་གཞན་པ་ཚོར་མགོ་སྐོར་ཐེབས་འགྲོ། ངས་ངེས་པར་ཏུ་མགྱོགས་མྱུར་གྱི་ངང་ནས་བསྒྱུར་བཅོས་བྱ་སྲིད། རྣམ་པ་ཚོ་ལ་བཀའ་དྲིན་ཆེ་ཞུ། བཀྲ་ཤིས་བདེ་ལེགས། བརྒྱུད་འགྲེམ་བྱ་རོགས