༢༠༡༧👉༢༠༡༨

2017-12-31  本文已影响0人  囔美
༢༠༡༨
                      ཉིས་སྟོང་བཅུ་བདུན།

ལོ་མ་སེར་བོའི་མིག་ཆུ་ས་ལ་གླན།

དྲན་ཤེས་གྲང་ངར་གྱིས་བཟུང་།

རྣམ་ཤེས་ཤིག་འཚོལ་བཞིན །

ཁ་བ་དང་གྲང་རླུང་ལ་མདུང་རྩེ་གཏད །

རྒས་གཉེར་གྱི་རི་མོས་དཀྲིས་པའི་ལོ་ཟླ །

ལོ་ཟླ་དེའི་ཁྲོད་ནས་སུ་ཞིག་ཕམ་མ་མྱོང་།

    སུ་ཞིག་གིས་མགོ་བོ་སྒུར་མྱོང་།

      མག་མོག་གི་ལོ་ཟླ་དེ །

      ཚེར་མའི་ལམ་ཁ་ཞིག

      གངས་ཀྱི་ཞོན་པ་ཞིག

བྲེལ་བྲེལ་འཚུབ་འཚུབ་ཀྱི་ཉིས་སྟོང་བཅུ་བདུན །

འུར་འུར་ཟིང་ཟིང་གི་ཉིས་སྟོང་བཅུ་བདུན །

            ལྦུ་རག་བཞིན །

            གཏམ་རྒྱུད་བཞིན །

            ཐ་མག་བཞིན །

ཉིས་སྟོང་བཅུ་བདུན———— བདེ་མོ །

                      ཉིས་སྟོང་བཅོ་བརྒྱད།

ལམ་གསར་བ་ཞིག

རྨི་ལམ་གསར་བ་ཞིག

རེ་བ་གསར་བ་ཞིག

ཕུགས་བསམ་གསར་བ་ཞིག

འཚོ་བ་གསར་བ་ཞིག

རྒྱལ་ཁ་གསར་བ་ཞིག

གཉིས་སྟོང་བཅོ་བརྒྱད————འཛུམ་གྱིས་བསུ །

                                      ཆོས་རྗེ་མྱིང་མེད།
上一篇 下一篇

猜你喜欢

热点阅读