࿐སེམས་ཀྱི་མི་ལ་བསྟོད་པ།

2015-09-29  本文已影响0人  4e17517fa1ea
࿐སེམས་ཀྱི་མི་ལ་བསྟོད་པ།

བདེན་པའི་མི་ལ་བདེན་པའི་ལམ་སྟོན་པ།།

བདེན་པའི་གཏམ་ལ་བདེན་པའི་ལན་བྱིན་པ།།

བདེན་པ་ཉིད་ལ་གནས་ལུགས་བཅོལ་མཛད་པ།།

བདེན་པར་སྨྲ་བ་གང་དེ་གཙུག་ན་རྒྱལ།།


མི་སྙན་སྨྲ་ལ་བཟོད་པའི་གོ་ཆ་གྱོན།།

མི་བཟོད་བྱ་དཀའི་སྤྱོད་པ་དང་དུ་བླངས།།

མི་སེམས་ཞི་བདེའི་ཐབས་ལ་ནམ་ཡང་བརྩོན།།

མི་ཡི་མགོན་པོ་གང་ཉིད་གཙུག་ན་རྒྱལ།།


འཛམ་གླིང་མཁས་བརྒྱའི་གྲས་ན་ཁྱེད་ཉིད་མཛེས།།

ཐོབ་འོས་ཞི་བདེའི་རྟགས་མ་དེ་ལས་མཛེས།།

དམར་སེར་གོས་ཀྱི་རྒྱན་བཟང་ལྷག་དུ་མཛེས།།

འཇིགས་མེད་འགྲོ་བའི་དེད་དཔོན་ཕྱག་གི་ཡུལ།།


རྒྱས་རྒྱས་ཚིག་གིས་སྤྲོས་པ་མི་ཆེ་ཞིང་།།

སེམས་ཀྱི་མི་ལ་བསྟོད་པའི་ཚིག་ཐུང་འདི།།

སྐར་ལྔའི་རྒྱལ་དར་བཙན་གྱིས་ཕྱར་ས་ནས།།

ཅང་མེད་བོད་ཁྲག་བུ་ཡིས་སྦྱར་བའོ།།

          བོད་ཁྲག་གིས                                            

上一篇 下一篇

猜你喜欢

热点阅读