
ནུབ་བྱང་མི་རིགས་སློབ་ཆེན་
བྱམས་དང་སྙིང་རྗི་ཡི་འོད་སྣང་གི་རྒྱན་པའི་ཡུམ་།
ཁྱེད་ནི་། ང་ཡི་སྤོབས་པ་ཆེས་ཆེ་བ་དེ་ཡིན་།
ལྷད་མེད་པའི་དགོངས་པ་བུ་ལ་བཞེས་།
ཚ་འུར་པའི་བྱམས་བརྩེ་འཕངས་མེད་པར་གནང་།
མི་ལོ་བཅོ་བརྒྱད་རན་བའི་དུས་དེའི་ནང་།
ང་ནི་ཁྱེད་ཀྱི་ཡོངས་རྫོགས་ཡིན་།
འཛིན་མ་ཡངས་ཤིང་ཆེ་བ་དེ་ཡི་ཐོག་།
རྐང་འཐུང་གི་གཡུ་ལོ་གཅིག་མཚུངས་གཉིས་མེད་པ་བཞིན་།
ང་ལ་དེ་ལྟ་བུའི་བྱམས་སྐྱོང་གནང་མཁན་རྙེད་པ་དཀའ་།
དེ་བས་། ང་ཁྱེད་ལ་དགའ་།
ཁྱེད་ཕེབས་པའི་ལམ་ཀུན་མཚར་སྡུག་མེ་ཏོག་གིས་བརྒྱན་པ་སྨོན་།
ཁྱེད་བཞུགས་པའི་གནས་ཀུན་དྲི་ཞིམ་སྤོས་བསང་གི་ས་འཐུལ་བ་སྨོན་།
ཁྱེད་སྤྲོ་བའི་ཉིན་ཀུན་ཨ་སྔོན་དངས་ཤིང་སྔོ་བ་སྨོན་།
ཀྱེ་། ནུབ་བྱང་གི་མཚན་མོར་།
གྲང་རླུང་ཕྲག་དོག་ངང་གཡོ་།
ཕྱི་ལ་ཡོད་པའི་སློབ་མ་རང་གི་ཡུལ་གྲུ་དྲན་།
ཡིན་ཡང་།
ང་ཡི་དྲན་སེམས་བཅངས་པའི་གྱང་ངོས་དེ་ཡི་ཐོག།
ཁྱེད་ཀྱི་གཟུགས་བརྙན་ཙམ་ལས་གཞན་འཆར་བ་མེད་།
དེ་བས་། ང་ཁྱེད་ལ་དགའ་།
ང་ནི་ཁྱེད་ཀྱི་ཕུགས་བསམ་ཡིན་།
དེ་དང་འདྲ་བར་།
ཁྱེད་ནི་ང་ཡི་ཕུགས་བསམ་གཞི་མ་དེ་ཡིན་ནོ་